འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“ཕྱར་བ་གྲུ་འདེགས་ཀྱི་འཆར་གཞིའི”འགོ་ཚུགས་མཛད་སྒོ་དང་སྤྱི་ཕན་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོ་བའི་རྩ་བ་མི་བརྗེད་པ་དང་། ནམ་ཡང་ཀྲུང་ཧྭའི་བུ་ཕྲུག་ཞིག་བྱས་ནས་མེས་རྒྱལ་སྐྱེད་མར་སེམས་པ་ཕྱོགས”ཞེས་པའི་སློབ་ཕྲུག་ཚོའི་སྙན་ངག་གྱེར་འདོན་གྱི་སྒྲའི་ཁྲོད་ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ཚོགས་པས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་བྱས་ནས་སྤེལ་བའི་སྤྱི་ཕན་རྣམ་གྲངས་ཏེ“ཕྱར་བ་གྲུ་འདེགས་ཀྱི་འཆར་གཞི”ཞེས་པ་ཉིན་ཤས་གོང་པེ་ཅིང་དུ་འགོ་ཚུགས་པ་དང་ཆབས་ཅིག“ཕྱར་བ་གྲུ་འདེགས་ཀྱི་འཆར་གཞི། སྤྱི་ཕན་དྲིལ་བསྒྲགས་སློབ་གྲྭར་སྤེལ་བའི”མུ་སྦྲེལ་བྱེད་སྒོ་དུས་གཅིག་ཏུ་སྤེལ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “ཕྱར་བ་གྲུ་འདེགས་ཀྱི་འཆར་གཞི”དེ་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཕན་རྣམ་གྲངས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རིག་གནས་ཀྱི་གདེང་ཚོད་དར་སྤེལ་གཏོང་བ་དང་དྲིལ་བསྒྲགས་སློབ་གསོ་དང་སྤྱི་ཕན་ཞབས་ཞུར་བརྟེན་ནས་ལོ་ཆུང་སློབ་མ་འཚར་ལོངས་ཡོང་རྒྱུར་གཞོགས་འདེགས་བྱ་རྒྱུ་དང་སློབ་མ་རྣམས་ཕུགས་བསམ་སློབ་བརྩོན་དང་། ལུས་ཁམས་བདེ་ཐང་། ཤེས་བྱར་བརྩོན་པ། ཁྱིམ་ཚང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་བཅས་ལ་རོགས་རམ་བྱས་ཏེ་དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་རྒྱུ་དེ་རེད།
         “ཕྱར་བ་གྲུ་འདེགས་ཀྱི་འཆར་གཞི། སྤྱི་ཕན་དྲིལ་བསྒྲགས་སློབ་གྲྭར་སྤེལ”ཞེས་པའི་བྱེད་སྒོར་སློབ་གསོའི་རིགས་གཅིག་མཁས་ཅན་དང་རྒྱལ་ནང་དུ་ཕྱིར་ལོག་བྱས་པའི་མཁས་དབང་། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོ་བའི་ཕུལ་བྱུང་མིག་དཔེ་སོགས་གདན་དྲངས་ཏེ་རིག་གནས་རོགས་རེས་བྱེད་སྒོ་སྤེལ་བ་དང་རིག་གནས་ཀྱི་གདེང་ཚོད་དྲིལ་བསྒྲགས་བྱས་ཏེ་ཕྱི་སྦྱོང་སློབ་མའི་བདེ་འཇགས་དང་། ཕྱི་སྦྱོང་སློབ་མའི་སེམས་ཁམས་བདེ་ཐང་། རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུ་སོགས་ཀྱི་བརྗོད་དོན་ལ་དམིགས་ཏེ་ཕྱི་སྦྱོང་སློབ་མ་རྣམས་ཕྱི་རྒྱལ་དུ་མ་བསྐྱོད་གོང་གི་སློབ་གཉེར་བརྩོན་སེམས་དང་། ཕྱི་རྒྱལ་དུ་བསྐྱོད་ནས་ཤེས་བྱར་བརྩོན་པ། རྒྱལ་ནང་དུ་ལོག་རྗེས་མེས་རྒྱལ་ལ་དྲིན་ལན་འཇལ་ཐུབ་པ་བཅས་ཀྱི་ཐད“ཀྲུང་ཧྭའི་རིག་གནས་ཕོ་ཉའི”དུས་རབས་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།