འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ཡ་རྒྱལ་ཁབ་ཀྱི་ཏུ་མ་གྲོང་རྡལ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ཁྲོམ་སྲང་དུ་སྐྱོད་པའི་བྱིས་པ་ཞིག
    ཁྲོམ་སྲང་དུ་སྐྱོད་པའི་བྱིས་པ་ཞིག
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན། སི་རི་ཡ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཧྥེ་སར་·མའེ་ཁེ་ཏ་ཏེ་ཡིས། སི་རི་ཡ་སྲིད་གཞུང་གིས་རྫས་འགྱུར་མཚོན་ཆ་བཀའ་འགོག་གི་རྩ་འཛུགས་དང་མཉམ་དུ"རྫས་འགྱུར་མཚོན་ཆ་ཡིས་འཇབ་རྒོལ"བྱས་མིན་ཐད་ལ་བརྟག་དཔྱད་བྱ་འདོད་ཡོད་པར་མ་ཟད། བརྟག་དཔྱད་ཚོགས་པའི་ལས་དོན་ལ་སྟབས་བདེ་གང་ལེགས་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཟླ་4ཚེས་7ཉིན། སི་རི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཏ་མ་སི་ཁུ་གྲོང་ཁྱེར་གྱི་ཤར་འདབས་ཏུང་གུ་ཐ་ས་ཁུལ་དུ"རྫས་འགྱུར་མཚོན་ཆ་ཡིས་འཇབ་རྒོལ"དོན་རྐྱེན་བྱུང་བ་རེད། ཚེས་10ཉིན། སི་རི་ཡའི་ཕྱི་འབྲེལ་པུའུ་ཡིས་སི་རི་ཡ་ཕྱོགས་ནས་རྫས་འགྱུར་མཚོན་ཆ་བཀག་འགོག་གི་བརྟག་དཔྱད་ཚོགས་པ་དངོས་གཞི་གདན་ཞུ་གནང་སྟེ་ཏུང་གུ་ཐ་ས་ཁུལ་གྱི་ཏུ་མ་རུ་ཕྱིན་ཏེ་བརྟག་དཔྱད་གནང་རེ་ཞུས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
      

    ཕྱོགས་བསྡུས་གསར་འགྱུར།