འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཁག་དང་པོའི་མཐའ་མཚམས་ཡུལ་སྐོར་ཚོད་ལྟའི་ཁུལ་བཙུགས་པ།

    ནང་སོག་གི་མན་ཇུ་ལི་དང་ཀོང་ཤིས་ཀྱི་ཧྥང་ཁྲེང་གྲུ་ཁར་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 08:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་ནང་སོག་མན་ཇུ་ལི་དང་ཀོང་ཤིས་ཀྱི་ཧྥང་ཁྲེང་གྲུ་ཁའི་མཐའ་མཚམས་ཡུལ་སྐོར་ཚོད་ལྟ་ཁུལ་འཛུགས་རྒྱུར་མོས་མཐུན་བྱས་ཤིང་། དེ་ནི་རང་རྒྱལ་གྱིས་ཁག་དང་པོར་བཙུགས་པའི་མཐའ་མཚམས་ཡུལ་སྐོར་གྱི་ཚོད་ལྟའི་ཁུལ་རེད།
          རང་རྒྱལ་གྱི་སྐམ་སའི་མཐའ་མཚམས་ལམ་ཐིག་གི་རིང་ཚད་སྤྱི་ལེ་ཁྲི་2.2ལྷག་ཟིན་ཁར་རྒྱལ་ཁབ་14དང་འབྲེལ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཙམ་གྱི་རིང་འཕེལ་རྒྱས་བཏང་བ་བརྒྱུད་མཐའ་མཚམས་ཡུལ་སྐོར་དེ་རིམ་བཞིན་ཕྱི་རྒྱལ་ཡུལ་སྐོར་དང་ཀང་ཨའོ་ཐའེ་ཡུལ་སྐོར་དང་མཚུངས་པའི་མངའ་ཁོངས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་ཁྲོམ་ར་ཆེན་པོ་གསུམ་གྱི་གྲས་ཤིག་ཏུ་གྱུར་ཡོད། མཐའ་མཚམས་ཡུལ་སྐོར་འཕེལ་རྒྱས་ལ་ཕན་འབྲས་ངེས་ཅན་ཐོབ་ནའང་སྔར་བཞིན་ལམ་ལུགས་རང་བཞིན་གྱི་འཕེལ་རྒྱས་ཀྱི་འཇུར་མིག་ཁག་གཅིག་འཕྲད་ཡོད་པ་རེད།
         མིག་སྔའི་མཐའ་མཚམས་ཡུལ་སྐོར་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར་《མཐའ་མཚམས་གཙོ་གནད་ས་ཁུལ་གྱི་གསར་སྤེལ་དང་སྒོ་དབྱེར་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས་མཐའ་མཚམས་ཡུལ་སྐོར་ཚོད་ལྟའི་ཁུལ་འཛུགས་རྒྱུར་ཞིབ་འཇུག་བྱ་རྒྱུའི་ལྟ་ཚུལ་བཏོན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ནང་སོག་གི་མན་ཇུ་ལི་དང་ཀོང་ཤིས་ཀྱི་ཧྥང་ཁྲེང་གྲུ་ཁར་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག་སྒྱུར་བཅོས་ཀྱི་བྱ་སྤྱོད་དོན་འཁྱོལ་བྱས་ཚུལ་དང་ཚོད་ལྟའི་ལས་འགན་གྱི་དགོས་མཁོ་གཞིར་བཟུང་། དུས་དང་འཚམ་པའི་སྒོ་ནས་རིགས་མི་འདྲ་བ་དང་མཚོན་བྱེད་རང་བཞིན་ལྡན་པའི་མཐའ་མཚམས་ས་ཁུལ་བདམས་ཏེ་ཚོད་ལྟ་བྱེད་པ་དང་། ཚོད་ལྟའི་ཕན་འབྲས་བཟང་བ་དང་ཉེན་ཁ་ཚོད་འཛིན་ཐུབ་ལ་བསྐྱར་བཟོ་དང་ཁྱབ་གདལ་རུང་བའི་གྲུབ་འབྲས་དག་དུས་ཐོག་ཏུ་བསྐྱར་བཟོ་དང་ཁྱབ་གདལ་བཏང་ནས་མཐའ་མཚམས་ཡུལ་སྐོར་གྱི་དམིགས་ས་ཁག་གཅིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།