འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་དབར་ཁྲིར་སྐྱོད་པའི་2018ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 08:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་གྱི་དགོང་མོར་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས་སུ་ལེ་དབར་ཁྲིར་སྐྱོད་པའི་2018ལོའི་དམངས་ཡོངས་ཀྱི་ལུས་སྦྱོང་འགོ་ཚུགས་དང་མིང་འགོད་གན་འཇོག་མཛད་སྒོ་གཉེར་བ་རེད། ད་རེས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་བྱེད་སྒོའི་གྲོང་ཁྱེར་དང་། བྱེད་སྒོའི་བརྗོད་དོན་གཙོ་བོའི་འབོད་ཚིག འགྲན་ཞུགས་གྱོན་གོས། འགྲན་བསྡུར་གྱི་བྱ་དགའ་སོགས་བྱེད་སྒོའི་འཆར་གཞི་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། སླད་ཕྱིན་གྱི་ལོ་ལྔའི་རིང་ཧྥེ་ཞུན་གྱིས་མིང་འགོད་ཚོང་པ་བྱས་ཏེ་ལེ་དབར་ཁྲིར་སྐྱོད་པའི་ལུས་སྦྱོང་གི་དམངས་ཡོངས་དང་ལག་གདང་སྦྲེལ་ནས་རིག་ནུས་ལུས་རྩལ་མི་ཚོགས་སྔར་བས་མང་བར་ཕན་པ་ཐོབ་པར་བྱ་རྒྱུ་རེད།
          ལེ་དབར་ཁྲིར་སྐྱོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ནི་དམངས་ཡོངས་ལུས་སྦྱོང་གི་སྤྱི་ཕན་བྱེད་སྒོ་ཞིག་ཡིན་པ་དང་། 2009ལོ་ནས་ད་བར་གྲོང་ཁྱེར་བརྒྱ་ཙམ་དང་སྡེ་ཁུལ་སྟོང་ལྷག་ཏུ་སྤེལ་ཁར་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་མཁན་200ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རྒྱ་ཆེའི་སྡེ་ཁུལ་དང་སློབ་གྲྭར་བསྐྱོད་ནས་ཕུལ་བྱུང་ལུས་རྩལ་པའི་དམངས་ཡོངས་ལུས་སྦྱོང་གི་དང་བླངས་ཞབས་ཞུའི་ལས་དོན་དང་ཆེད་ལས་རྩལ་ནུས་ཟུང་འབྲེལ་བྱས་པ་དང་། ཚན་རིག་དང་མཐུན་པའི་ལུས་སྦྱོང་གི་འདུ་ཤེས་ཁྱབ་གདལ་བཏང་ནས་དམངས་ཡོངས་ལུས་སྦྱོང་ལ་ཞུགས་པའི་ཧུར་སེམས་འཕེལ་བར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།