འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཆ་འཕྲིན་དྲ་བ་བཙུགས་ཏེ་ལག་བསྟར་གྱི་གྲངས་གཞི་
    ཉིན་ལྟར་ཡོངས་བསྒྲགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཙུགས་པའི་ཆ་འཕྲིན་དྲ་བ་དངོས་སུ་སྤྱོད་འགོ་ཚུགས་ཡོད། དྲ་ཚིགས་དེ་དང་ཀྲུང་གོ་ཁྲིམས་གཅོད་ཡིག་རིགས་དྲ་བ་དང་། ལག་བསྟར་ཆ་འཕྲིན་ཡོངས་བསྒྲགས་དྲ་བ། ཁ་དན་ཚིག་ལ་མ་གནས་པའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་ཆ་འཕྲིན་ཡོངས་བསྒྲགས་དང་བློ་འདྲིའི་ལས་སྟེགས་སོགས་དང་འབྲེལ་མཐུད་བྱས་ནས་ལག་བསྟར་བྱེད་པའི་ལས་ཀའི་གྲངས་གཞི་གལ་ཆེན་ཉིན་ལྟར་ཡོངས་བསྒྲགས་བྱས་ཏེ་མི་དམངས་མང་ཚོགས་ཚོར་ལག་བསྟར་ལ་རྒྱུས་མངའ་དང་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
          ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་ལིང་ཝུན་ཞུའེ་ཡིས་དྲ་ཚིགས་སྤྱོད་འགོ་ཚུགས་པའི་མཛད་སྒོའི་ཐོག་འདི་ལོ་ནི“ལག་བསྟར་བྱེད་དཀའ་བའི་གྱོད་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི”རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན། རྒྱལ་ཡོངས་ས་ཁུལ་ཁག་གི་ཁྲིམས་ཁང་གི་ལག་བསྟར་ལས་ཀའི་གནས་ཚུལ་ཆ་ཚང་མངོན་པའི་གཞུང་ཕྱོགས་ཀྱི་དྲ་ཚིགས་དང་པོ་ཡིན་པའི་ངོས་ནས“རྒྱལ་ཡོངས་ཁྲིམས་ཁང་གི་ཆ་འཕྲིན་དྲ་བས་ཆ་འཕྲིན་ཡོངས་བསྒྲགས་དང་། གྲངས་གཞི་འགྲེམས་སྟོན། ཡོངས་བསྒྲགས་ལས་སྟེགས། ལག་བསྟར་གཏུག་བཤེར་ཞབས་ཞུ་བཅས་དྲ་ངོས་ཆེ་གྲས་བཞི་བརྒྱུད་རྒྱལ་ཡོངས་ས་ཁུལ་ཁག་གི་ཁྲིམས་ཁང་གི་ལག་བསྟར་ལས་ཀ་སྤེལ་ཚུལ་འཕྲལ་མར་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་ཡོངས་ཁྲིམས་ཁང་གི་ཆ་འཕྲིན་དྲ་བ”ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་རིམ་གཉིས་དྲ་ཚིགས་ཡིན་པ་དང་དྲ་གནས་ནི། http://jszx.court.gov.cnཡིན།
      

    ཕྱོགས་བསྡུས་གསར་འགྱུར།