འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་གྲངས་འཛིན་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་150ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་16ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཀྲུང་གོ་སྒྲ་བརྙན་དང་གྲངས་འཛིན་དཔེ་སྐྲུན་མཐུན་ཚོགས་ཀྱིས་ཧང་ཀྲོའུ་རུ་ཡོངས་བསྒྲགས་བྱས་པའི་《2017ལོའི་ལོ་འཁོར་གྱི་གྲངས་འཛིན་དཔེ་ཀློག་གི་རྒྱབ་ཤ་དཀར་པོའི་དེབ་》ནང་མངོན་པར། 2017ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་152ཟིན་ནས་དུས་མཚུངས་ལས་26.7%འཕར་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་དེ་ནི་2018ལོའི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་འདུ་ཚོགས་ཆེ་མོའི་ཐོག་ཡོངས་བསྒྲགས་བྱས་ཡོད། ཚོགས་ཞུགས་མི་སྣས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་ཁྲོམ་རའི་གཞི་ཁྱོན་ཆེ་རུ་འགྲོ་ཚད་བརྟན་པོ་བྱུང་ཡོད། ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་མཁོ་སྤྲོད་ཕྱོགས་གཉིས་པོའི་གསར་གཏོད་པ་དང་། སྤྱོད་མཁན། མི་རེའི་ཆ་སྙོམས་དཔེ་ཀློག་བྱེད་ཚད་སོགས་དུས་གཅིག་ཏུ་འཕར་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་མངོན་དོན། ཉེ་བའི་ལོ་3རིང་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་རྩོམ་པ་པོའི་གྲངས་འབོར་དུས་མཚུངས་ལས་མངོན་གསལ་དོད་པོས་འཕར་བ་དང་འཕར་ཚད་མགྱོགས་པོ་ཡོད། 2017ལོར་གྲངས་འཛིན་དཔེ་ཀློག་རྩོམ་པ་པོའི་གྲངས་འབོར་ཁྲི་784ཟིན་ཏེ་དུས་མཚུངས་ལས་30.2%འཕར་ཡོད། 2016ལོ་དང་2015ལོའི་དུས་མཚུངས་ཀྱི་འཕར་ཚད་ནི་25.4%དང་23.5%ཡིན་པ་རེད།
         2017ལོར་རང་རྒྱལ་དུ་མཁོ་མཁན་ཕྱོགས་ཀྱི་གྲངས་འཛིན་དཔེ་ཀློག་མཁན་གྱི་གཞི་ཁྱོན་མི་དུང་ཕྱུར་3.78ཟིན་ནས་དུས་མཚུངས་ལས་13.37%འཕར་ཡོད་པའི་ཁྲོད་དར་མས་བསྡུར་གྲངས་བཟུང་ཚད་27.3%ཟིན་ནས་བསྡུར་གྲངས་བཟུང་ཚད་8.8%འཕར་བ་དང་། རྒན་རྒོན་གྱིས་བསྡུར་གྲངས་བཟུང་ཚད་1.2%ཟིན་ཏེ་བསྡུར་གྲངས་བཟུང་ཚད་0.5%འཕར་བ་ལས་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་མཁན་གྱི་ལོ་ཚོད་ཁྱབ་ཚུལ་གང་སར་ཁྱབ་པ་དང་ལོ་ཚོད་མི་འདྲ་བའི་ཁྲོད་དུ་ཁྱབ་གདལ་བྱུང་བ་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།