འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཉེ་བའི་ལོ་36རིང་ལ་བོད་ལྗོངས་ཀྱི་དྲོད་ཚད་མཐོ་རུ་འགྲོ་བ་དེ་འཛམ་གླིང་གི་ཆེས་མཐོ་བ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཉེ་བའི་ལོ་36རིང་ལ་བོད་ལྗོངས་ཀྱི་དྲོད་ཚད་མཐོ་རུ་འགྲོ་བ་དེ་འཛམ་གླིང་གི་ཆེས་མཐོ་བ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་གནམ་གཤིས་ཚོད་དཔག་ཁང་གི་བཟོ་བཀོད་པ་ཉི་མ་སྐྱིད་ཀྱིས་ཉེ་བའི་ལོ་36གི་རིང་ལ། བོད་ལྗོངས་ཀྱི་ཆར་ཆུ་འབབ་ཚད་མང་དུ་གྱུར་ཡོད་ལ། ཆ་སྙོམས་ལོ་བཅུ་རེ་ལ་ཆར་ཆུ་འབབ་ཚད་ཧའོ་སྨི་13.2འཕར་ཡོད་པ་རེད། དུས་མཚུངས་སུ། བོད་ལྗོངས་ཀྱི་ས་ངོས་ལོ་རེའི་ཆ་སྙོམས་དྲོད་ཚད་ཀྱང་མཐོ་རུ་ཕྱིན་ཡོད་ལ། ཆ་སྙོམས་ལོ་10རེ་ལ་ཏུའུ་0.32འཕར་ཡོད་པ་དང་། ཇེ་མཐོར་ཕྱིན་ཚད་ནི་འཛམ་གླིང་ཡོངས་དང་ཀྲུང་གོའི་ནང་ལོག་གི་ས་ཆ་གཞན་དག་མཐོ་བ་གསལ་བོ་ཡིན་ཚུལ་བསྟན་པ་རེད།
         ཉི་མ་སྐྱིད་ཀྱིས་བཤད་རྒྱུར། 2018ལོའི་ཟླ་3པར། བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་རྒྱུན་ལྡན་ནམ་མཐོ་ཙམ་ཡིན་ལ། ཆར་ཆུ་འབབ་ཚད་ཧ་ཅང་སྙོམས་པོ་མིན་པ་དང་། ཉིན་ལྟར་གྱི་འོད་འཕྲོ་ཚད་རྒྱུན་ལྡན་ནམ་ཉུང་བ་རེད། ལོ་མང་བའི་དུས་སྐབས་གཅིག་ལ་ཞིབ་བསྡུར་བྱས་ན། ཟླ་3པར། བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་ཆར་ཆུ་འབབ་ཚད་ཅུང་བ་དང་། དྲོད་ཚད་ཅུང་མཐོ་བ་རེད། "དྲོད་ཚད་དང་ཆར་ཆུ་འབབ་ཚད་ཀྱི་འགྱུར་ལྡོན་རྣམ་པ་འདི་ནི་འཛམ་གླིང་ཡོངས་ཀྱི་གནམ་གཤིས་དྲོ་རུ་ཕྱིན་པ་བོད་ལྗོངས་ནས་བྱུང་བའི་བདེན་དཔང་ཡིན་ལ། འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་ཕྱིན་པ་ལས་བོད་ལྗོངས་ཀྱི་མཐོ་སྒང་འཁྱགས་ཁུལ་དང་དྲོ་མ་གྲང་གི་རྒྱུད་གཉིས་ཀྱི་ཤར་གྱི་བར་མཚམས་ནུབ་ཏུ་བསྣུར་ཀྱི་བར་མཚམས་ནུབ་ཏུ་སྤར་བ་དང་ལྷོ་ཡི་བར་མཚམས་བྱང་དུ་སྤར་བ། དྲོད་བའི་ས་ཁུལ་ཆེ་རུ་གྱུར་པ་ལས་སྣོད་བཅུད་མ་ལག་གི་རྣམ་པ་ཇེ་ལེགས་སུ་སོང་ཡོད་པ་རེད།"
         དབྱེ་ཞིབ་བྱས་པར་གཞིགས་ན། ད་ལོའི་ཟླ་3པར། བོད་ལྗོངས་ཀྱི་ཟླ་རེའི་ཆ་སྙོམས་དྲོད་ཚད་ནི་ཀླད་ཀོར་མན་གྱི་ཏུའུ་6.2ནས་8.3བར་ཡིན་པ་རེད། བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་མཁོ་སྤྲོད་བྱས་པའི་ས་ཚིགས་མང་པོའི་ལོ་མང་གི་ཟླ་3པའི་ཆ་སྙོམས་དྲོད་ཚད་རྒྱུ་ཆ་ལྟར་ན། བོད་ལྗོངས་ཀྱི་མངའ་རིས་དང་། ནག་ཆུ། ཆབ་མདོ། ཉིང་ཁྲི། དེ་མ་ཟད་ཡར་ཀླུང་གཙང་པོའི་འགྲམ་ངོགས་བཅས་ནི་2004ལོ་ནས་བཟུང་སྟེ་དྲོད་ཚད་ཅུང་ཙམ་མཐོ་རུ་ཕྱིན་པ་རེད།
         ཆར་ཆུ་འབབ་ཚད་ཀྱི་ཕྱོགས་ནས། ད་ལོའི་ཟླ་3པར། བོད་ལྗོངས་དང་འདས་སོང་གི་དུས་སྐབས་གཅིག་དང་བསྡུར་ན། གཞིས་ཀ་རྩེ་དང་། ལྷ་ས། ནག་ཆུའི་ས་ཁུལ་མང་ཆེ་བ་དང་། མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་། ཉིང་ཁྲི་གྲོང་ཁྱེར་གྱི་སྨིན་གླིང་རྫོང་། ལྷོ་ཁ་གྲོང་ཁྱེར་གྱི་རྩེད་ཐང་གྲོང་རྡལ། མཚོ་སྣ་རྫོང་། རྒྱ་ཚ་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་རྫོང་། ལྷོ་རོང་རྫོང་། མཛོ་སྒང་རྫོང་བཅས་ནི་0.3ནས་4.7གྱི་ལྡབ་གྲངས་འཕར་ཡོད་པ་རེད།
         ཉི་མ་སྐྱིད་ཀྱིས་1961ལོ་ནས་2016ལོའི་(2017ལོའི་གྲངས་གཞི་དབྱེ་ཞིབ་ལ་ཚུད་མེད་པ)བར་གྱི་གྲངས་གཞི་ཞིབ་བསྡུར་བྱས་ཏེ་བལྟས་ན། བོད་ལྗོངས་ཀྱི་ཆར་ཆུ་འབབ་ཚད་མང་ཆེ་བ་མང་དུ་ཕྱིན་ཡོད་པ་རེད། ས་ཚིགས་ཁག་གི་ས་ངོས་ཆ་སྙོམས་ཀྱི་དྲོད་ཚད་མཐོ་རུ་འགྲོ་བ་མངོན་གསལ་འདུག་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།