འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་འཕར་བའི་
    སྔོན་དཔག་གི་ཚད་ཇེ་མཐོར་སྤར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་འཕར་བའི་
སྔོན་དཔག་གི་ཚད་ཇེ་མཐོར་སྤར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་འཕར་བའི་སྔོན་དཔག་གི་ཚད་དེ་དེ་སྔོན་གྱི་3.2%ནས་4.4%ལ་སྤར་ཞིང་། སྔོན་དཔག་བྱེད་ན་2019ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་གི་འཕར་ཚད་4.0%ལ་འཕར་སྣོན་ཡོང་རྒྱུར་ཚོད་དཔག་བྱས་ཡོད་པ་རེད།
         འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་ན། 2018ལོར་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྡེ་ཚན་གྱིས་ཚོང་ལས་འཕར་ཚད་་ཤུགས་ཆེན་པོས་རྒྱུན་འཁྱོངས་བྱས་ཏེ། ཕྱིར་གཏོང་དང་ནང་འདྲེན་གྱི་འཕར་ཚད་ཁག་སོ་སོར་5.4%དང་4.8%ཙམ་གྱི་ཚད་ལ་སླེབས་ཐུབ་པར་ཚད་དཔག་བྱས་ཡོད། དེ་དང་དུས་མཚུངས་སུ་དར་རྒྱས་ཆེ་བའི་དཔལ་འབྱོར་སྡེ་ཚན་གྱིས་ཕྱིར་གཏོང་དང་ནང་འདྲེན་གྱི་འཕར་ཚད་སོ་སོར་3.8%དང་4.1%གི་ཚད་ལ་སླེབས་ཐུབ་པར་བྱེད་ངེས་རེད།
         ཡིན་ནའང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཉེན་བརྡ་བཏང་དོན། སྣང་ཚུལ་ལས་མངོན་རྒྱུར་ཉོ་ཚོང་གདོང་ཐུག་རྒྱུན་ཆད་མེད་པར་སྤར་ན་ཚོང་ལས་པའི་ཡིད་བརྟན་དང་མ་དངུལ་གཏོང་མཁན་གྱི་ཆོད་སེམས་ལ་འགལ་རྐྱེན་བཟོ་སྲིད་པས། དེས་ན་མིག་སྔའི་སྔོན་དཔག་བྱེད་པའི་གྲངས་ཚད་ལའང་གནོད་པ་ཐེབས་ཡོང་ངེས་རེད། ད་ལོ་དང་སང་ལོའི་ཚོང་ལས་མུ་མཐུད་ནས་འཕར་སྣོན་ཡོང་རྒྱུ་དེས་དཔལ་འབྱོར་གྱི་སྡེ་ཚན་ཁག་གིས་འོས་ཤིང་འཚམས་པའི་དངུལ་ལོར་གྱི་སྲིད་ཇུས་དང་ནོར་སྲིད་ཀྱི་སྲིད་ཇུས། ཚོང་དོན་གྱི་སྲིད་ཇུས་བཅས་སྤྱོད་ཐུབ་མིན་ལ་རག་ལས་ཡོད་པ་རེད།
         དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་དབང་གིས། ཁྱད་པར་དུ་མ་དངུལ་གཏོང་ཚད་དང་འཛད་སྤྱོད་གཏོང་སྒོ་འཕར་སྣོན་བྱུང་བའི་དབང་གིས། 2017ལོའི་གོ་ལ་ཧྲིལ་པོའི་ཚོང་ལས་འཕར་ཚད་4.7%ལ་འཕར་ཡོད་པ་དེ་ནི་2011ལོ་ནས་བཟུང་བའི་ཚུན་ཆད་ཀྱི་འཕར་ཚད་ཆེ་ཤོས་ཡིན་པ་རེད།
    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་གཙོ་འགན་འཁུར་མཁན་ཨ་ཙེ་ཝེ་ཏུའོ་ནི་རུའེ་ཧྲིའི་རི་ནེ་ཝའི་གསར་འགོད་པའི་ཚོགས་འདུར་ཞུགས་པ།
    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་གཙོ་འགན་འཁུར་མཁན་ཨ་ཙེ་ཝེ་ཏུའོ་ནི་རུའེ་ཧྲིའི་རི་ནེ་ཝའི་གསར་འགོད་པའི་ཚོགས་འདུར་ཞུགས་པ།
    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་འཕར་བའི་
སྔོན་དཔག་གི་ཚད་ཇེ་མཐོར་སྤར་བ།
    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་ལོའི་གོ་ལ་ཧྲིལ་པོའི་ཉོ་ཚོང་བསྡོམས་འབོར་འཕར་བའི་
སྔོན་དཔག་གི་ཚད་ཇེ་མཐོར་སྤར་བ།
      

    ཕྱོགས་བསྡུས་གསར་འགྱུར།