འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ"སྐད་གཉིས"སློབ་གསོར་སྐུལ་འདེད་
    བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་བྱེད་ཐབས་ལ་ཤུགས་སྣོན་དང་། སྒྱུར་བཅོས་ཟབ་གཏོང་། བྱེད་ཐབས་སྣ་མང་བཅས་ལ་བརྟེན་ནས“སྐད་གཉིས”སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དེས་དུས་བབ་གསར་པ་དང་ཟུང་འབྲེལ་བྱས་ནས་བསམ་བློ་གསར་པ་འདོན་པ་དང་། སློབ་གཉེར་བསམ་ཕྱོགས་དང་བླང་བྱ་ཁ་གསལ་ཡོང་བ་བྱེད་པ། དོ་དམ་ལ་ཤུགས་སྣོན། སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བཅས་བྱས་ཏེ་ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་དང་ཁྲིམས་ལྟར་དགེ་རྒན་བསྐྱངས་ཏེ་སྐད་གཉིས་སློད་ཁྲིད་སྔོན་དུ་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱས་པ་རེད། དེ་དང་དུས་མཚུངས་གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་དང་སྤུས་ཚད་ལ་ཞིབ་བཤེར་བྱས་ཏེ། དགེ་རྒན་གྱི་དཔྱད་རྩོམ་དང་། སློབ་ཁྲིད། སློབ་ཚན་བཅས་རྩེ་གྲ་འདེམས་པ་དང་། སློབ་མའི་རྩོམ་ཡིག་འགྲན་བསྡུར་དང་དགེ་སློབ་ཀྱི་ཤེས་བྱའི་འགྲན་བསྡུར་གཉེར་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།