འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིར་ཁམ་བུའི་མེ་ཏོག་རྣམ་པར་བཞད་པས་ཡུལ་སྐོར་བའི་ཡིད་དབང་འགུག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཉིང་ཁྲིར་ཁམ་བུའི་མེ་ཏོག་རྣམ་པར་བཞད་པས་ཡུལ་སྐོར་བའི་ཡིད་དབང་འགུག་པ།
         མི་དམངས་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཉིང་ཁྲིར་ཁམ་བུའི་མེ་ཏོག་རྣམ་པར་བཞད་པས་ཡུལ་སྐོར་བ་མང་པོ་ཞིག་གནས་འདིར་ལྟད་མོ་ལྟ་བར་ཡོང་གི་ཡོད། ཁམ་བུའི་མེ་ཏོག་ལྡུམ་རའི་ནང་མེ་ཏོག་རྣམ་པར་བཞད་པ་དང་གླུ་ལེན་གར་འཁྲབ་ཁྲོད་མི་རྣམས་ཡིད་དབང་འཕྲོག་བཞིན་ཡོད། “ཉི་འོད་ཀྱི་ཕ་ཡུལ”དང“བོད་ལྗོངས་ཀྱི་ཡིད་འོང་ཕ་ཡུལ”ཞེས་བརྗོད་པའི་ཉིང་ཁྲིར་རྒྱལ་ཡོངས་ཀྱི་གདོད་མའི་ནགས་ཚལ་ཆེ་ཤོས་ཡོད་ཅིང་། ལོ་ལྟར་ཡུལ་སྐོར་བ་མང་པོ་ཉིང་ཁྲིར་ཡོང་སྟེ་གནས་དེའི་མཛེས་སྡུག་མྱོང་རོལ་བྱེད་ཀྱི་ཡོད་པས་གནས་དེའི་མཛེས་ལྗོངས་ཁུལ་དང་དམངས་སྲོལ་སོགས་ཀྱི་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།