འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་མཚོ་ནུབ་ཀྲོའུ་ཡི་2018ལོའི་ཁག་དང་པོའི་གཙོ་གནད་རྣམ་གྲངས་400
    གཅིག་སྡུད་ལས་འགོ་བསྐྱར་འཛུགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འཚོགས་པའི་2018ལོའི་ཁག་དང་པོའི་རྣམ་གྲངས་གཅིག་སྡུད་ལས་འགོ་བསྐྱར་འཛུགས་ཀྱི་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་ནུབ་ཀྲོའུ་ཡི་2018ལོའི་གསར་སྐྲུན་རྣམ་གྲངས་200དང་མཐུད་སྐྲུན་རྣམ་གྲངས་200ཟླ་3ཚེས་30ཉིན་གཅིག་སྡུད་ལས་འགོ་བསྐྱར་འཛུགས་བྱས་པ་དང་། མ་འཇོག་གི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་643ཟིན་པ་དང་ལོ་འཁོར་གྱི་འཆར་གཞིའི་མ་འཇོག་སྒོར་དུང་ཕྱུར་213ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གསར་སྐྲུན་རྣམ་གྲངས་200དང་མཐུད་སྐྲུན་རྣམ་གྲངས་200དེ་དག་ལ་ཚབ་བྱེད་རང་བཞིན་དང་། དཔེ་སྟོན་རང་བཞིན། སྐུལ་ཁྲིད་ནུས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། “སྟོང་ལྔའི”ཐོན་ལས་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་ལེགས་གཏོང་། འཐབ་ཇུས་ཀྱི་གསར་དར་ཐོན་ལས། རྨང་གཞིའི་སྒྲིག་བཀོད། དམངས་འཚོའི་འདུ་འགོད་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་གཏོང་བའི་ཐད་རྩ་བའི་རང་བཞིན་གྱི་ནུས་པ་ལྡན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།