འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དྭངས་གསལ་དུས་ཚིགས་རིང་གངས་འཁྱགས་ཕྱགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གློ་བུར་དུ་བབས་པའི་གངས་ཆེན་ལ་དམིགས་ནས་ནང་སོག་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དུས་ཐོག་ཏུ་བྱ་སྤྱོད་སྤེལ་ནས་དུར་འཕྱག་བྱེད་མཁན་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱས་པ་རེད། དྭངས་གསལ་དུས་ཚིགས་རིང་། ནང་སོག་གིས་ཉེན་རྟོག་པ་མི་ཐེངས་ཁྲི་1.29དང་ཉེན་རྟོག་རླངས་འཁོར་3195བཀོད་སྒྲིག་དང་། འགྲིམ་འགྲུལ་བདེ་འཇགས་ཞིབ་བཤེར་ཞབས་ཞུའི་ས་ཚིགས་276བཙུགས་པ་དང་། གནས་སྐབས་ལས་སྒྲུབ་ས་ཚིགས་187བཙུགས་ཡོད་པ་རེད། རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁྲི་3.87ཞིབ་བཤེར་ཐག་གཅོད་བྱས་པ་རེད།
         དྭངས་གསལ་དུས་ཚིགས་རིང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་ལས་དོན་ནང་ཞུགས་པ་དང་ཉེན་རྟོག་པ་མང་ཆེ་བ་ལམ་རྒྱུད་དང་། དུས་མཚམས་གལ་ཆེན། མཛེས་ལྗོངས་ཁུལ་གྱི་བང་སོ་ཁུལ། གྲོང་གསེབ་ཀྱི་རི་ཁུལ། མྱུར་བགྲོད་གཞུང་ལམ། གྲོང་ཁྱེར་དུ་འཛུལ་ས་དང་ཐོན་སྒོའི་གཞུང་ལམ་སོགས་ལམ་དུམ་གལ་ཆེན་དུ་མངགས་ཡོད་པ་རེད། ཉེན་རྟོག་པའི་སྟོབས་ཤུགས་མང་ཆེ་བ་གྲོང་ཁྱེར་དུ་བཀོད་སྒྲིག་བྱས་ནས་སྤྱི་པའི་བང་སོ་དང་། བང་སོའི་སྐྱེད་ཚལ། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་སུ་སྐྱོད་པའི་གཞུང་ལམ་གཙོ་བོའི་འགྲིམ་འགྲུལ་བཀོད་འདོམས་དང་ཁ་འགྲེམས་བྱེད་ཤུགས་ཆེ་རུ་བཏང་བ་རེད། གྲོང་གསེབ་ཀྱི་འབྲོག་ཁུལ་དུ་རླངས་འཁོར་ནང་མི་ཚད་ལས་བརྒལ་བ་བླུགས་པ་དང་། ཁྲིམས་ལས་འགལ་ནས་མི་བླུགས་པ། ཆང་བཏུངས་འཁོར་གཏོང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། འཁོར་བྱང་དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆུང་དུ་བཏང་བ་རེད། མྱུར་བགྲོད་གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རིན་མེད་ངང་འགྲོ་སྐྱོད་བྱེད་པའི་གནས་ཚུལ་ལ་དམིགས་ནས་དངུལ་བསྡུའི་ས་ཚིགས་དང་ཞབས་ཞུ་ཁུལ་གྱི་ཁ་འགྲེམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ། རླངས་འཁོར་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་པ་དང་། འགྲུལ་སྐྱེལ་རླངས་འཁོར་དང་། ཡུལ་སྐོར་བོགས་བླངས་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་སོགས་གཙོ་གནད་རླངས་འཁོར་མཐོང་མ་ཐག་ངེས་པར་དུ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ལ་སྔོན་འགོག་ནན་པོ་བྱས་པ། ལམ་གཤོང་རོགས་སྐྱོབ་རླངས་འཁོར་དང་སྒྲིག་ཆས་ལམ་དུམ་གཙོ་བོར་བཞག་ནས་གང་མགྱོགས་རོགས་སྐྱོབ་དང་། གང་མགྱོགས་ལམ་གཤོང་། གང་མགྱོགས་སླར་གསོ་བཅས་ཐུབ་པ་བྱས་ཏེ་གནད་དོན་ཆུང་ངུས་ལམ་དུ་ཤུགས་ཆེན་འགག་རྒྱུར་སྔོན་འགོག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།