འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་སྐྱོན་རི་མོ་མཁས་ཅན་སུང་ཡན་ཕུང་གི་མཚར་སྡུག་ལྡན་པའི་མི་ཚེའི་བགྲོད་ལམ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་28ལ་སླེབས་པའི་སུང་ཡན་ཕུང་ནི་ཧོ་པེ་ཞིང་ཆེན་ལིན་ཁྲེང་རྫོང་ཧེ་ཁྲེང་ཤང་ཧྥུང་དབྱིང་གྲོང་ཚོ་ནས་ཡིན་པ་དང་ཁོང་ལོ་12སྐབས་སྟབས་མི་ལེགས་པར་དབང་རྩའི་ཕྲ་ཕུང་ལ་གནོད་འཚེ་ཕོག་ནས་དབང་སྐྱོན་ཚབས་ཆེན་དུ་གྱུར། 2008ལོར་སུང་ཡན་ཕུང་ལིན་ཁྲེང་རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་ནས་རི་མོ་འབྲི་རྩལ་ལོ་གསུམ་སྦྱངས། མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར་སུང་ཡན་ཕུང་སྐད་གྲགས་ཅུང་ཆེ་བའི་རི་མོ་མཁས་ཅན་ཞིག་ཏུ་གྱུར། 2012ལོར་སུང་ཡན་ཕུང་ལིན་ཁྲེང་རྫོང་དམིགས་བསལ་སློབ་གྲྭའི་འོས་འགན་ལས་ཀ་བྱེད་མཁན་ཞིག་ཏུ་གྱུར་བ་དང་འབྲེལ་དབང་སྐྱོན་མི་སྣའི་རི་མོ་ཁང་ཞིག་བཙུགས་པ་དང་སློབ་ཡོན་མི་དགོས་པར་དབང་སྐྱོན་སློབ་མར་རི་མོ་འབྲི་སྟངས་སློབ་ཀྱི་ཡོད། ལོ་ཤས་རིང་ཁོང་གིས་སྔ་རྗེས་སུ་དབང་སྐྱོན་སློབ་མ་70ལྷག་ཙམ་གསོ་སྐྱོང་བྱས་པ་དང་མང་ཆེ་བར་གྲུབ་འབྲས་ཐོབ་ནས་རང་ཁ་རང་གསོ་ཐུབ་ཡོད། ཁོང་གིས“ང་རང་དབང་སྐྱོན་དུ་གྱུར་བ་ནི་ཡིད་སྐྱོ་བ་ཞིག་རེད། འོན་ཀྱང་ལུས་པོ་ཉམས་ཀྱང་བློ་རིག་ཉམས་མེད། ངས་དབང་སྐྱོན་དེ་བས་མང་བ་རང་རྐྱ་འཕེར་རྒྱུར་རོགས་རམ་བྱས་ནས་མི་ཚེའི་རིན་ཐང་མངོན་ཐུབ་པ་བྱེད་རྒྱུ་ནི་ངའི་བསམ་འདུན་ཡིན”ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།