འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཏང་ཨུད་ཀྱི་རུལ་རྒོལ་འགོ་
    ཁྲིད་ཚོགས་ཆུང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཧྲན་ཤིས་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གསར་འགྱུར་ཡོངས་བསྒྲགས་བྱས་ནས། ཧྲན་ཤིས་ཞིང་ཆེན་གྱིས་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ་དང་ཏང་གིས་རུལ་རྒོལ་ལས་དོན་ལ་འགོ་ཁྲིད་བྱེད་པའི“རྒྱུན་རྣམ་ཅན”ལ་སྐུལ་འདེད་བཏང་སྟེ་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཏང་ཨུད་ཀྱི་རུལ་རྒོལ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་ལྟ་ཞིབ་ལམ་སྲོལ་གྱི་སྒྱུར་བཅོས་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཧྲན་ཤིས་ཞིང་ཆེན་ཨུ་ལྷན་གྱིས་《རུལ་རྒོལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་འགོ་ཁྲིད་ཀྱི་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ནས་ཏང་གིས་རུལ་རྒོལ་ལ་འགོ་ཁྲིད་བྱེད་པའི་ལས་ཀའི་ལམ་སྲོལ་དང་། ཐབས་ཇུས་ལམ་སྲོལ། ལག་བསྟར་བྱ་ཐབས་བཅས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་གིས་རུལ་རྒོལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད་པ་རེད།
         ལག་བསྟར་བསམ་འཆར་ནང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱིས་ཏང་ཨུད་ཀྱི་རུལ་རྒོལ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་རྒྱུ་དང་ཙུའུ་ཀྲང་གཞོན་པ་ཨང་དང་པོ་གཅིག་དང་གཞོན་པ་གཉིས་བསྐོ་གཞག་བྱས་ནས་ཙུའུ་ཀྲང་གཞོན་པ་ཨང་དང་པོ་དེ་སྒྲིག་ཨུད་ཀྱི་ཧྲུའུ་ཅིས་འགན་འཁུར་རྒྱུ་དང་ཙུའུ་ཀྲང་གཞོན་པ་གཉིས་ནི་ཏང་ཨུད་ཀྱི་རྩ་འཛུགས་པུའུ་ཀྲང་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅིས་འགན་འཁུར་རྒྱུ། ཁོངས་མིའི་གྲས་སུ་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་བདེ། རྒྱལ་ཁབ་བདེ་འཇགས། ཁྲིམས་འཛིན། རྩིས་བཤེར་སོགས་སྡེ་ཚན་གྱི་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བ་གཙོ་བོ་དང་སྒྲིག་བཤེར་དང་། རྩ་འཛུགས། སྲིད་ཁྲིམས་སོགས་ཚན་པའི་རྒྱུན་ལས་འགོ་འཛིན་གཞོན་པ་ཚུད་ཅིང་། དེ་སྔའི་རིམ་པ་ཁག་གི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རང་འགར་མེད་པ་བཟོ་དགོས་པའི་གཏན་འབེབས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།