འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་བདུན་རིང་བསྟུད་མར་རིན་པ་མི་ལེན་པར་གཟུགས་པོར་བརྟག་དཔྱད་བྱས་
    ནས་མི་ཁྲི་300ཙམ་ལ་ཕན་ཐོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས་ལོ་བདུན་རིང་བསྟུད་མར་རིན་པ་མི་ལེན་པར་གཟུགས་པོར་བརྟག་དཔྱད་བྱས་
ནས་མི་ཁྲི་300ཙམ་ལ་ཕན་ཐོགས་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་བཞིན་ཡོད་ལ། དེ་ནི་བོད་ལྗོངས་ཀྱིས་ལོ་བདུན་བསྟུད་མར་བྱེད་སྒོ་དེ་སྤེལ་བ་རེད། 2017ལོར་བོད་ལྗོངས་ཀྱིས་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱས་ནས་མི་ཁྲི་300ཙམ་ལ་ཕན་ཐོགས་ཡོད་པ་རེད། གོང་གི་པར་རིས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ། སྨན་པ་ཚོས་གཟུགས་པོར་བརྟག་དཔྱད་བྱས་ཟིན་པའི་གྲོང་མི་རྣམས་ལ་བདེ་ཐང་ཡིག་ཚགས་འབྲི་བ་དང་འབྲེལ་གྲོང་མི་ཚོར་བདེ་ཐང་སྐོར་དོ་སྣང་བྱ་དགོས་ས་བརྗོད་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།