འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཁྱབ་བསྒྲགས་བྱས་པའི་ཁྲལ་བསྡུའི་རྩིས་ཐོའི་ནང་གི་ཀྲུང་གོའི་ཚོང་རྫས་ཀྱི་མིང་ཐོ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། ཨ་རིའི་ཚོང་དོན་འཐུས་ཚབ་གཞུང་དོན་ཁང་གིས"ཞིབ་བཤེར་ཨང་301ཡི"འབྲས་བུ་ཁྱབ་བསྒྲགས་ནང་གི་ཁྲལ་བསྡུའི་རྩིས་ཐོ་རུ་ཀྲུང་གོའི་ཚོང་རྫས་ཀྱི་མིང་ཐོ་ལ། ལོ་རེར་ཀྲུང་གོ་ནས་ནང་འདྲེན་བྱེད་པའི་ཨ་སྒོར་དུང་ཕྱུར་500རིན་པ་ཡོད་པ་རེད། 
         ཨ་རིའི་ཚོང་དོན་འཐུས་ཚབ་གཞུང་དོན་ཁང་གིས་ཉིན་དེར་གསལ་བཤད་བསྒྲགས་གཏམ་ནང་དུ། ཀྲུང་གོ་ནས་ནང་འདྲེན་བྱེད་པའི་ཚོང་རྫས་རིགས་1300ལ་སྒོ་ཁྲལ་25%སྣོན་རྩིས་ཡོད་པ་སྟེ། གཙོ་བོ་ནི་ཆ་འཕྲིན་ལག་རྩལ། མཁའ་སྐྱོད་གནམ་གྲུ། འཕྲུལ་ཆས་མི། སྨན། འཕྲུལ་ཆས་སོགས་ལས་རིགས་ཀྱི་ཚོང་རྫས་ཡོད་པ་རེད།
         གསལ་བསྒྲགས་ནང་དུ། སྤྱི་དམངས་ཚོས་ཟླ་5ཚེས་11ཉིན་སྔོན་དུ་ཚོང་དོན་འཐུས་ཚབ་གཞུང་དོན་ཁང་དུ་གསལ་ཐོའི་ནང་དོན་དང་ཁྲལ་བསྡུ་བའི་སྲིད་ཕྱོད་ལ་ཡིག་ཐོག་ནས་བསམ་འཆར་སྤྲོད་ཆོག་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།