འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཀྲུང་གོར་ཁྲལ་བསྡུའི་ཐོན་རྫས་བརྟག་དཔྱད་གྲོས་
    འགོ་གསལ་ཐོ་ཨང་301པར་དྲིས་ལན་བཏབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཨ་རིའི་ཚོང་དོན་འཐུས་ཚབ་གཞུང་དོན་ཁང་གིས་ཀྲུང་གོ་ལ་ཁྲལ་བསྡུའི་ཐོན་རྫས་བརྟག་དཔྱད་གྲོས་འགོ་གསལ་ཐོ་ཨང་301པ་སྤེལ་བ་ལ་གསར་འགོད་པའི་དྲི་བར་ལན་འདེབས་པ།
         གསར་འགོད་པ་ཞིག་གིས། ཨ་རིའི་ཕྱོགས་ཀྱིས་ཀྲུང་གོ་ལ་ཁྲལ་བསྡུའི་ཐོན་རྫས་བརྟག་དཔྱད་གྲོས་འགོའི་གསལ་ཐོ་ཨང་301པ་ཁྱབ་བསྒྲགས་བྱས་པ་ལ། ཀྲུང་གོས་དེར་དཔྱད་བརྗོད་གང་ཡོད་ཅེས་དྲིས་པར།
         ལུའུ་ཁང་གིས། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ་4ཚེས་3ཉིན། ཨ་རིའི་ཚོང་དོན་འཐུས་ཚབ་གཞུང་ལས་ཁང་གིས་ཀྲུང་གོ་ལ་ཁྲལ་བསྡུའི་ཐོན་རྫས་བརྟག་དཔྱད་གྲོས་འགོའི་གསལ་ཐོ་ཨང་301པ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོའི་ཚོང་དོན་པུའི་གསར་འགྱུར་གཏམ་བཤད་པས་དེ་ལ་ཀྲུང་གོའི་ལངས་ཕྱོགས་ནན་པོ་བསྟན་ཡོད་པ་རེད།
         ངས་ཡང་བསྐྱར་ནན་བཤད་བྱ་རྒྱུར། ཨ་རིས་ཀྲུང་གོའི་ལངས་ཕྱོགས་ནན་པོ་ལ་མི་འཛེམས་པར་དོན་དངོས་ཀྱི་ཁུངས་ལུང་སྤུ་ཙམ་མེད་པའི་སྒོ་ནས་ཁྲལ་བསྡུའི་གྲོས་འགོ་ཁྱབ་བསྒྲགས་བྱས་པ་དེ་ནི་གཅིག་གཅོད་པ་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཁོ་ནའི་དཔེ་ཅན་གྱི་ཐབས་ཤེས་ཤིག་ཡིན་པས། ཀྲུང་གོའི་ཕྱོགས་ནས་དེ་ལ་སུན་འབྱིན་ནན་པོ་བྱ་རྒྱུ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
          ལུའུ་ཁང་གིས་ཨ་རིའི་ཕྱོགས་ཀྱིས་ལོ་ངོ་40རིང་གི་ཀྲུང་གོ་དང་ཨ་རིའི་ཚོང་དོན་མཉམ་ལས་དྲང་གཞག་ལུགས་མཐུན་གྱི་ངོ་བོ་མི་སེམས་ཤིང་། རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཀྱི་འབོད་སྒྲ་དང་འཛད་སྤྱོད་པའི་ཁེ་ཕན་མི་སེམས་པས། ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མི་ཕན་ཞིང་། ཀྲུང་གོ་རྒྱལ་ཁབ་ཀྱི་ཁེ་ཕན་ལའང་མི་ཕན་པ་དང་། གོ་ལ་ཡོངས་ཀྱི་དཔལ་འབྱོར་ཁེ་ཕན་ལའང་མི་ཕན་པ་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།