འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གསེར་ཁོག་གིས་ཐབས་ཇུས་དངོས་བཏོན་ནས་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་
    དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གསེར་ཁོག་རྫོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། གསེར་ཁོག་གིས“ནམ་ཡང་གནས་པའི་ལས་དོན་རུ་ཁག”ཅིག་འཛུགས་ཆེད་ཐབས་ཇུས་དངོས་བཏོན་ནས་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད།
         གསེར་ཁོག་རྫོང་གིས“ཞིང་དུད་ཀྱི་ཏང་གི་སློབ་གྲྭ་ཆུང་ངུ”དང“དུས་རབས་གསར་པའི་ཁྲིད་སྦྱོང་ཁང” “མི་སེར་གྱི་སློབ་ཁྲིད་ཁང”སོགས་བཙུགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་དེབ་དང་། སློབ་ཁང་། བསམ་བློ་བཅས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད། ཏང་ཡོན་གྱི་ལྟེ་བའི་དུད་ཚང་གི་ཚོད་ལྟའི་ལས་དོན་དང་། གྲོང་གསེབ་ཀྱི“567”དུད་ཚང་དུ་སྐྱོད་པའི་ལས་ཀ་སྒྲུབ་སྟངས། གྲོང་གསེབ་ཏང་ཡོན་ཁྱིམ་ཚང་གི“བྱང་འགེལ་དུད་ཚང་སྐར་རིམ་ཅན”སོགས་ཀྱི་བྱེད་སྒོ་ཁྱབ་གདལ་བཏང་ནས་རྒྱུན་གཏན་རང་བཞིན་ངང་ཏང་གཤིས་བློ་སྦྱོང་དང་དམངས་ཆེད་དོན་དངོས་དང་དོན་བཟང་བསྒྲུབས་ཏེ་ཏང་ཡོན་གྱི་གཟི་བརྗིད་མཚན་སྙན་ཚོར་སེམས་དང་སྤོབས་སེམས་ཆེ་རུ་བཏང་བ་དང་ཏང་ཡོན་གྲོང་ཚོ་རིམ་པའི་དོ་དམ་ནང་ཞུགས་པའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱས་པ་རེད།
         རྫོང་དེ་ཡོངས་སུ་ཏང་ཡོན་འཕེལ་རྒྱས་གཏོང་རིང་གྲོང་གསེབ་ཏང་ཡོན་གྱི་བསྡུར་ཚད་འོས་འཚམ་ངང་མང་དུ་བཏང་ཞིང་། གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་དཔེ་བཟང་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་། ཏང་ཡོན་དང་ཏང་རྩ་འཛུགས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ། གཞོན་ནུ་ཏང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། རང་རྟོགས་རང་བཞིན་བཅས་མཐོ་རུ་བཏང་བ་མ་ཟད། གཞོན་ནུ་རྣམས་ལ་གོ་སྐབས་སྤྲད་ནས་གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་རེད།
         སྟབས་བདེའི་མཐུན་རྐྱེན་དང་ཐོན་ཁུངས་མཁོ་འདོན་བྱས་ཏེ་སློབ་རྒྱུས་མཐོར་གཏོང་གི་སློབ་གསོ་བསྐྱར་མ་འཚོལ་ཞིབ་དང་སྤེལ་ཞིང་། ཏང་གི་སློབ་གྲྭ་དང་། བརྙན་འཕྲིན་སློབ་གྲྭ ཞིང་ལས་རླུང་འཕྲིན་བརྙན་འཕྲིན་སློབ་གྲྭ་སོགས་སློབ་གསོའི་སྒྲིག་གཞིའི་ཐོན་ཁུངས་མཐུན་སྦྱོར་གྱིས་གནས་གཏན་འཁེལ་ངང་སློབ་རྒྱུས་མཐོ་བའི་གྲོང་ཚོའི་ལས་བྱེད་པ་གསོ་སྐྱོང་བྱས་པ་དང་། འཆར་གཞི་ཡོད་པའི་ངང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་རིག་གནས་ཆུ་ཚད་མཐོ་རུ་བཏང་ཡོད། འབྲེལ་ཡོད་ཀྱི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བའི་ཤེས་བྱའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་བརྟེན་ངང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་བཏང་བ་རེད། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་འདེམས་བསྐོའི་རྗེས་མཐུད་ལས་དོན་དང་ཟུང་འབྲེལ་གྱིས་གྲོང་ཚོའི་ལས་བྱེད་པའི་གསོ་སྦྱོང་ལས་དོན་གྱི་ལོ་3འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོས་པ་དང་འཐུས་ཚང་དུ་བཏང་ནས་གྲོང་ཚོའི་ལས་བྱེད་པར་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་ལམ་སྲོལ་བསྐྲུན་ཆེད་རྨང་གཞི་བཏིང་ཡོད། “ཤང་གི་འཇོན་ཐང་ཅན་ཚན་ཧྲི་ལྷན་ཁང”བཙུགས་པ་དང་གོང་འཕེལ་བཏང་ནས“བདེ་སྐྱིད་ལྡན་པའི་གྲོང་གསེབ་ཏང་འཛུགས་སྐྱོང་གི་ཐེབས་རྩ”སོགས་བྱེད་ཐབས་ནུས་ལྡན་སྤྱད་དེ་ས་ཁོངས་དང་། ཐོབ་ཐང་། ལས་རིགས་བཅས་ཀྱི་ཚོད་འཛིན་མེད་པར་བཟོས་པ་དང་། འདེམས་བསྐོ་དང་བསྐོ་སྤྱོད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ། གྲོང་ཚོ་རིམ་པའི་ཚན་ཁག་གི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བའི“སྣེ་འདྲེན”གྱི་སྟོབས་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་བྱ་གཞག་སྒྲུབ་སེམས་ཆེ་བ་དང་། གཉེར་སྐྱོང་བྱེད་སྟངས་ཤེས་པ། དོ་དམ་བྱེད་ཤེས་པ་བཅས་ཀྱི་འོས་མི་ཚན་ཁག་ནང་བདམས་ཏེ་ཚན་ཁག་གིས་ཕྱུག་འགྱུར་སྣེ་ཁྲིད་བྱེད་པའི་ལས་ཀའི་མཉམ་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།