འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་བཙུགས་ནས་ད་བར་ཞིང་ཆེན་
    ཡོངས་ཀྱི་བུད་མེད་དང་བྱིས་པ་ཁྲི་20ཙམ་ལ་ཕན་ཐོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་3ཚེས་26ཉིན། མཚོ་སྔོན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི(གཤམ་དུ་ཐེབས་རྩ་ཚོགས་པ་ཞེས་བསྡུ་རྒྱུ)སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཐེབས་རྩ་ཚོགས་པ་དེ་2011ལོའི་ཟླ་བཅུ་གཅིག་པར་བཙུགས་པ་ནས་བཟུང་མ་དངུལ་དང་དངོས་ཟོག་ཁྱོན་སྒོར་ཁྲི་3500ལྷག་ཙམ་གྲབས་གསོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པ་དབུལ་པོ་ཁྲི་20ཙམ་ལ་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཕན་པ་ཐོབ་ཡོད་པ་རེད།
         ཐེབས་རྩ་ཚོགས་པས་2012ལོའི་ཟླ་བརྒྱད་པར“ཨ་མ་དབུལ་པོར་དོ་ཁུར་བྱས་ནས་བརྩེ་སེམས་སྦྲག་ཐོག་སྐུར་མ་སྐུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“ཨ་མའི་སྦྲག་ཐོག་སྐུར་མའི”སྤྱི་ཕན་རྣམ་གྲངས་ཆེ་གྲས་སྤེལ་འགོ་ཚུགས་པ་དང་། ཉེ་བའི་ལོ་ཤས་རིང་། ཐེབས་རྩ་ཚོགས་པ་དེས་སྤྱིའི་རིན་ཐང་སྒོར་ཁྲི་500ལྷག་ཙམ་རི་བའི“ཨ་མའི་སྦྲག་ཐོག་སྐུར་མ”དང་ལེན་བྱས་ནས་སྤྲད་པས་ཞིང་ཆེན་ཡོངས་ཀྱི་ཨ་མ་དབུལ་པོ་50000ལྷག་ཙམ་ལ་ཕན་པ་ཐོབ་ཅིང་། རྣམ་གྲངས་དེ་ཞིང་ཆེན་ཡོངས་ཀྱི་ཀྲོའུ་6དང་གྲོང་ཁྱེར་2ཀྱི་རྫོང་37ཚང་མར་ཁྱབ་ཡོད་པ་དང་། 2017ལོའི་ཟླ་དང་པོར། ཐེབས་རྩ་ཚོགས་པ་དེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་གོར་མོ་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གསེར་ཆེན་རྫོང་གཉིས་ལ“ཨ་མའི་སྒམ་ཆུང”སྤྲད་པས་ཕྲུ་གུ་སྐྱེས་གྲབས་ཡོད་པའི་ཨ་མ་100ལ་ཕན་པ་ཐོབ་ཡོད་པ་རེད།
         སླད་ཕྱིན། ཐེབས་རྩ་ཚོགས་པ་དེས་སྤྱི་ཕན་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ཨ་མའི་སྦྲག་ཐོག་སྐུར་མ་དང་ཨ་མའི་རེ་འདུན་སོགས་སྤུས་རྟགས་རྣམ་གྲངས་འཕེལ་རྒྱས་ལ་རིམ་བཞིན་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ཚོགས་པར་གཞོགས་འདེགས་ཧུར་ཐག་བྱས་ནས་སྤུས་རྟགས་ཀྱི་སྤྱི་ཕན་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་གྲངས་སྤེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།