འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའུ།—ཁྱུང་མཆུ།—ལྷ་ས་བཅས་བར་གྱི་མཁའ་ལམ་དངོས་སུ་སླར་གསོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་ཆུ་ཚོད་11སྐར་མ15ཡི་ཐོག་ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཨང་CA4025པ་གནམ་གྲུ་རྔ་པ་ཁུལ་ཁྱུང་མཆུ་གནམ་ཐང་དུ་བདེ་བླག་ངང་འབབ་ཐུབ་པ་དང་བསྟུན་ནས། དུས་ཚིགས་ཀྱི་རྐྱེན་པས་གནམ་གྲུ་གཏོང་མཚམས་ཟླ་5ཙམ་བཞག་པའི་ཁྲེང་ཏུའུ།—ཁྲུང་མཆུ།—ལྷ་ས་བཅས་བར་གྱི་མཁའ་ལམ་དངོས་སུ་སླར་གསོ་བྱུང་བ་མཚོན་ཡོད་པ་རེད།
         རྒྱུས་ལོན་བྱས་པར་གཞིགས་ན། མཁའ་ལམ་དེ་སླར་གསོ་བྱུང་རྗེས། གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་པ་སངས་ལ་ཕར་ཚུར་འཕུར་རྒྱུ་ཡིན་ཅིང་། ཁྲེང་ཏུའུ།—ཁྱུང་མཆུ།—ལྷ་ས་བཅས་བར་གྱི་གནམ་གྲུ་ཨང་CA4025ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་ནི་10:20ཡི་ཐོག་ཁྲེང་ཏུའུ་ཡི་ཧྲོང་ལིའུ་གནམ་ཐང་ནས་འཕུར་ཏེ་11:15ལ་ཁྱུང་མཆུའི་གནམ་ཐང་དུ་འབྱོར་གྱི་ཡོད། 12:00ལ་ཁྱུང་མཆུ་གནམ་ཐང་ནས་འཕུར་ཏེ་14:15ལ་ལྷ་སར་འབྱོར་གྱི་ཡོད། ལྷ་ས།—ཁྱུང་མཆུ།—ཁྲེང་ཏུའུ་བཅས་བར་གྱི་གནམ་གྲུ་ཨང་CA4026ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་ནི་15:10ཐོག་ལྷ་ས་ནས་འཕུར་ཏེ་17:20ལ་ཁྱུང་མཆུའི་གནམ་ཐང་དུ་འབྱོར་གྱི་ཡོད། 18:10ཐོག་ཁྱུང་མཆུ་གནམ་ཐང་ནས་འཕུར་ཏེ་19:00ལ་ཁྲེང་ཏུའུ་ཡི་ཧྲོང་ལིའུ་གནམ་ཐང་དུ་འབྱོར་གྱི་ཡོད།
         ཟླ་4པའི་ཟླ་མཇུག་ཏུ། ཁྱུང་མཆུ་ནས་ཁྲུང་ཆིང་ལ་ཐད་ཀར་འཕུར་བའི་མཁའ་ལམ་ཡང་སླར་གསོ་བྱ་རྒྱུ་རེད། ཁྲུང་མཆུ་གནམ་གྲུ་ཐང་གི་འགན་འཁུར་པ་ལིན་ཅན་གྱིས། མིག་སྔར་ཀྲུང་གོའི་ཤར་རྒྱུད་གྲོང་ཁྱེར་དང་མཚོ་རྒྱུད་གྲོང་ཁྱེར་རྣམས་གྲོས་མོལ་བྱེད་པའི་ཚུལ་ལ་གཞིགས་ན། ལོ་འདིའི་ནང་དབུན་ཀྲོའུ་སོགས་ལ་ཐད་ཀར་ཤར་གཏོང་ཐུབ་པའི་མཁའ་ལམ་གསར་པ་ཕྱེ་བའི་རེ་བ་ཡོད་པར་བསྒྲགས།
      

    ཕྱོགས་བསྡུས་གསར་འགྱུར།