འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གཞུང་ཞབས་པ་དང་ལས་དོན་ལས་ཁུངས་ཀྱི་ལས་བྱེད་པ་བསྡུ་བའི་ཡིག་རྒྱུགས་གཞི་རིམ་ལ་ཁ་ཕྱོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པ་དང་ལས་དོན་ལས་ཁུངས་ལ་ཁྱོན་མི་6528བསྡུས་ཡོད་པ་དང་། མི་བསྡུ་བའི་ཁ་གྲངས་ནི་དུས་མཚུངས་ཀྱི་ཞིང་ཆེན་དེའི་གྲོང་ཁྱེར་དང་གྲོང་རྡལ་ཡོངས་ཀྱི་གསར་སྣོན་ལས་ཞུགས་མི་སྣའི་སྡོམ་འབོར་ལས་10.7 %ཟིན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པ་བསྡུ་བའི་ཁྲོད་དུ། བོད་ཁུལ་ལ་ཁ་ཕྱོགས་ནས་རང་སྐྱོང་ཁུལ་རང་གི་མི་བསྡུ་བའི་གྲངས་ནི་2013ལོར་བསྡུ་བའི་ཁ་གྲངས་ལས་10%འཕར་ཡོད་པ་སྟེ། རྫོང་དང་ཤང་གྲོང་རྡལ་གྱི་མི་བསྡུ་བའི་ཁ་གྲངས་ནི་ཡོངས་བསྒྲགས་བྱ་རྒྱུའི་བླང་བྱ་བཏོན་མེད་པ་སྟེ། རྒྱུགས་ལ་ཞུགས་མཁན་ཚོ་སྤོབས་པའི་ངང་གཞི་རིམ་ལས་གནས་གྱི་རྒྱུགས་ལ་ཞུགས་པའི་སྐུལ་འདེད་བྱེད་དེ། མི་བསྡུ་བའི་ཁ་གྲངས་འཆར་གཞི་འགྲུབ་མེད་པ་དེ་སྙོམས་སྒྲིག་དང་ཁ་གསབ་ལག་བསྟར་བྱས་ཡོད་པ་རེད། ལས་དོན་ལས་ཁུངས་མི་སྣ་བསྡུ་བའི་ཁྲོད་དུ། རང་སྐྱོང་ཁུལ་གྱི་ལོ་འཁོར་འཆར་ཅན་གྱི་མི་བསྡུ་རྒྱུ་བཀོད་སྒྲིག་བྱེད་པའི་ལས་གནས་80%ཡན་རང་སྐྱོང་ཁུལ་རང་ལ་ཁ་ཕྱོགས་ཡོད་པ་དང་། སློབ་གྲྭ་ཆུང་འབྲིང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལས་གཞན། ཤང་དང་གྲོང་རྡལ་ལས་དོན་ལས་ཁུངས་ཀྱིས་དགོས་མཁོ་དང་བསྟུན་ནས་རང་རྫོང་གི་ཐེམ་ཐོ་(ཕ་ཡུལ)ཡིན་པར་ཕྱོགས་ནས་བསྡུ་ཆོག་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།