འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འགོ་ཁྲིད་ཀྱི་གོ་གནས་སྐྱུར་ནས་དགེ་རྒན་གྱི་ཕྱག་ལས་གནང་བའི་ཀྲུང་དབྱང་ལགས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འགོ་ཁྲིད་ཀྱི་གོ་གནས་སྐྱུར་ནས་དགེ་རྒན་གྱི་ཕྱག་ལས་གནང་བའི་ཀྲུང་དབྱང་ལགས།
         མི་དམངས་དྲ་བའི་འཕྲིན། ལོ་33སླེབས་པའི་ལོ་དེར། ཐིང་རིམ་གཞོན་པའི་གོ་གནས་ཡོད་པའི་ཀྲུང་དབྱང་གིས་འགོ་ཁྲིད་ཀྱི་གོ་གནས་ལས་དགོངས་ཞུ་ཞུས་པ་རེད།
         ཀྲུང་དབྱང་ལོ་15ཐོག ཀྲུང་གོའི་ཚན་རྩལ་སློབ་ཆེན་གཞོན་ནུ་འཛིན་གྲྭར་ཡིག་ཚད་ལེན་པ་རེད། ལོ་29ཐོག སྐབས་དེ་དུས་ཀྱི་རྒྱལ་ནང་གི་རྩི་ཤིང་རིག་པའི་ཁྱབ་ཁོངས་སུ་འགོ་ཁྲིད་མི་སྣ་གྱུར་པ་རེད། ལོ་33ཐོག ཀྲུང་གོའི་ཚན་རིག་ཁང་ཝུའུ་ཧན་རྩི་ཤིང་ཞིབ་འཇུག་ཁང་ནས་ལས་ཀ་དགོངས་ཞུ་གནང་ནས་ཧྥུ་ཏན་སློབ་ཆེན་དུ་དགེ་རྒན་དཀྱུས་མ་ཞིག་བྱེད་པའི་སྐབས་སུ། ཐིང་རིམ་གཞོན་པའི་གོ་གནས་ཡོད་པ་རེད།
         མི་ལ་ལས། ཀྲུང་དབྱང་ནི་མི་སྨྱོན་པ་ཞིག་རེད། དེ་འདྲའི་གྲུབ་འབྲས་བཟང་པོ་ཞིག་ཐོབ་རྗེས། གཞུང་ལས་ཁང་དུ་རྗེས་ལས་བྱེད་པ་ལ་མཛུན་སྟོན་བྱེད་ནས་སྡོད་ཆོག་པ་རེད། ཡིན་ནའང་། ཧྥུ་ཏན་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་རིག་ཚན་ལ་ཁ་ཚ་དགོས་གཏུག་གནས་ཡོད་པའི་ཕྱིར་སླར་འགོ་དགེ་རྒན་གྱི་ལས་ཀ་འགོ་འཛུགས་པ་རེད་ཅེས་བཤད། 
         2008ལོར། མི་ལ་ལས་ཁོང་རང་ཧྥུ་ཏན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་གླིང་གཙོ་འགན་བཞེས་པའི་གྲོས་འགོ་བཏོན་ཡོད་མོད། ཁོང་གི་གུས་ཞབས་དང་བཅས་མིན་ཟེར་ཡོད་པ་རེད།
    ཧྥུ་ཏན་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་ཁྲེན་ཧའོ་མིང་གིས"མི་མང་པོ་ཞིག་གིས་ཁོང་རང་རྒྱུས་མངའ་མེད་པ་རེད། ཡིན་ནའང་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། ཁོང་རང་ཚེ་གཅིག་ལ་དགེ་རྒན་དཀྱུས་མ་ཞིག་བྱེད་པའི་འདུན་པ་ཡོད་པ་དང་། བློ་རྩེ་གཅིག་གིས་རིག་གཞུང་ལ་འབད་ཅིང་། སློབ་ཁྲིད་བྱེད་ནས་སློབ་མ་གསོ་སྐྱོང་བྱེད་པ་རེད། ཁོང་གི་སེམས་སུ་ཐོབ་དང་གོ་ས་རྩ་བ་ནས་མེད་པ་རེད"ཅེས་བཤད། 
         དགེ་རྒན་བཟང་པོ་ཞིག་ཇི་ལྟར་བྱ་དགོས་སམ། ཀྲུང་དབྱང་གིས"སློབ་གསོ་བཟང་པོ་ནི་སློབ་མ་སྒྱུར་རྒྱུ་དེ་མ་ཡིན་པ། དེ་ནི་ཁོང་ཚོ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ནས། ཁོང་ཚོ་རང་ཉིད་ཇི་འདྲ་ཞིག་ཏུ་འགྱུར་འདོད་ཡོད་པ་ལ་འགྱུར་བཅུག་པ་དེ་རེད"ཅེས་གསུངས་པ་རེད། 
    ༄༅།།འགོ་ཁྲིད་ཀྱི་གོ་གནས་སྐྱུར་ནས་དགེ་རྒན་གྱི་ཕྱག་ལས་གནང་བའི་ཀྲུང་དབྱང་ལགས།
      

    ཕྱོགས་བསྡུས་གསར་འགྱུར།