འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཡུལ་སྐོར་བགྲོད་ལམ་སྟབས་བདེར་སོང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་སུ་ཡུལ་སྐོར་བགྲོད་ལམ་སྟབས་བདེར་སོང་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུའི་ཐོག་ནས་འགྲིམ་འགྲུལ་འཛུགས་སྐྲུན་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། བོད་ལྗོངས་ཀྱི་ཡུལ་སྐོར་བགྲོད་ལམ་སྟབས་བདེར་གྱུར་ཡོད་པ་བསྟན། 
         ཉིན་དེར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་སུང་ཕིང་གིས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། དེང་གི་བོད་ལྗོངས་སུ་གཞུང་ལམ་དང་ལྕགས་ལམ། མཁའ་འགྲུལ་སོགས་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་འགྲོ་བཞིན་ཡོད་པས། ཡུལ་སྐོར་བའི་ལམ་བར་དུ་མགྱོགས་པོར་འགྲོ་བའི་དགོས་མཁོ་སྐོང་ཐུབ་པ་དེས་ཡུལ་སྐོར་བས་དུས་ཚོད་དེ་བས་མང་བ་ཞིག་བེད་སྤྱད་ནས་མཛེས་ལྗོངས་ལ་ལྟ་སྐོར་ཐུབ་པའི་དམིགས་ཡུལ་གྲུབ་ཡོད་པ་རེད།
         ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ལས་བྱེད་མི་སྣ་མེ་ཏོག་མཚོ་མོས་ངོ་སྤྲོད་བྱས་པར་གཞིགས་ན། 318རྒྱལ་ལམ་ལ"ཀྲུང་གོ་བའི་མཛེས་ལྗོངས་ལམ་ཆེན"ཞེས་གྲགས་པ་དང་ཉིང་ཁྲི་བར་གྱི་318རྒྱལ་ལམ་དུམ་བུ་ལ་ཡུལ་སྐོར་བ་རྣམས་ཀྱིས"ས་མཐོར་ཁམ་བུའི་མེ་ཏོག་ལམ་ཆེན"ཞེས་བརྗོད་བཞིན་ཡོད། ད་ཆ་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་དུམ་མང་ཆེ་བ་ཤར་གཏོང་ཐུབ་པ་དེས་ཉིང་ཁྲིར་ཡུལ་སྐོར་དུ་ཕེབས་མཁན་རྣམས་ལ་འགྲིམ་འགྲུལ་གྱི་སྟབས་བདེ་མང་པོ་སྐྲུན་ཡོད་པ་རེད།
         མིག་སྔར། བོད་ལྗོངས་ཀྱིས་ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི་གྲོང་ཁྱེར་བཅས་བཞིའི་ཡུལ་སྐོར་ཐོན་རྫས་ཀྱི་ཁྱད་ཡོན་སྡེབ་སྒྲིག་བྱས་པ་བརྒྱུད་ནས་གྲོང་ཁྱེར་བཞི་པོའི་ཡུལ་སྐོར་མཉམ་ལས་དང་། བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་རྫས་ལ་དེ་བས་མྱོང་རོལ་གྱི་རིན་ཐང་ལྡན་པ་བྱ་རྒྱུ་ཡིན་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།བོད་ལྗོངས་སུ་ཡུལ་སྐོར་བགྲོད་ལམ་སྟབས་བདེར་སོང་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།