འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་མ་རྐང་Aཁྲོམ་བཏོན་ཀུང་སི་18ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཛིན་ལོར་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་ཁེ་ལས་ལ“རེ་ཞུ་བྱས་འཕྲལ་ཞིབ་མཆན་འགོད་པ་དང་། ཞིབ་མཆན་བཀོད་འཕྲལ་གཤམ་སྤྲོད་བྱེད་པའི”ཐོགས་མེད་བགྲོད་ལམ་སྤྱད་དེ། ཁེ་ལས་ཁག་ཁྲོམ་རར་འདོན་རྒྱུ་དང་མ་དངུལ་བསྡུ་སྒྲིལ་བྱ་རྒྱུར་སྐུལ་འདེད་བཏང་བས“བོད་ལྗོངས་ཝེ་ཤིན་ཁང”དང་། “དབན་ཤིང་ཚན་རྩལ” “ཧྭ་པའོ་སྤོད་ཞིམ”བཅས་ཁེ་ལས་གསུམ་ཧྲང་ཧའེ་དང་ཧྲེན་ཀྲེན་དངུལ་འཛིན་ཉོ་ཚོང་སུའོ་ནས་ཁྲོམ་འདོན་ཐུབ་པ་དང་། “ཧྭ་ལིན་འཛིན་ལོར”ཡང་མཆན་བཀོད་ཡི་གེ་ཐོབ་རྒྱུར་སྒུག་བསྡད་ཡོད་པས་བོད་ཀྱི་མ་རྐང་Aཁྲོམ་བཏོན་ཀུང་སི་བཅོ་བརྒྱད་པར་འགྱུར་རྒྱུ་ཡིན་པ་རེད།
         གྲངས་གཞི་ལས་མངོན་གསལ། བོད་དུ་མ་རྐང་ཁྲོམ་འདོན་ཀུང་སི་18ཡོད་པ་དེ་དག་ནི་ཡུལ་སྐོར་དང་། སྨན་བཟོ། གཏེར་ཐོན་གསར་སྤེལ། འཛུགས་སྐྲུན་རྒྱུ་ཆ། བོད་ལུགས་གསོ་རིག་སོགས་དང་འབྲེལ་བ་ཡོད། དེའི་ནང་ཀུང་སི་17གྱིས་མ་རྐང་Aཁྲོམ་རར་བཏོན་པ་དང་ཀུང་སི་1གིས་མ་རྐང་Hཁྲོམ་རར་བཏོན་ཡོད། 2017ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱི་མ་རྐང་ཁྲོམ་འདོན་ཀུང་སིའི་ཁེ་གཙང་བསྡོམས་འབོར་སྒོར་དུང་ཕྱུར་32ཟིན་པ་དེ་དུས་མཚུངས་ལས་29%འཕར་ནས་ཁྲོམ་ར་གཙོ་བོ་འཁོར་རྒྱུག་གི་གནས་ཚུལ་ཡག་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།