འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལུས་རྩལ་པར་བྱེས་བགྲོད་ལེགས་སྐྱེས་འགྲན་བསྡུར་གཉིས་ལ་གཡུར་ཟའི་གྲུབ་
    འབྲས་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15དང་16ཉིན་2018ལོའི་རྒྱལ་ཡོངས་བྱེས་བགྲོད་ལེགས་སྐྱེས་འགྲན་བསྡུར་སྐབས་བཅུ་དྲུག་པ་དང་ཨེ་ཤེ་ཡའི་བྱེས་བགྲོད་ལེགས་སྐྱེས་འགྲན་བསྡུར་སྐབས་བཅུ་བཞི་པ་གཉིས་ཀུའེ་ཀྲོའུ་ཞིང་ཆེན་ཆིང་ཀྲེན་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཤིང་། བོད་ལྗོངས་ཀྱི་ལུས་རྩལ་པར་འགྲན་བསྡུར་དེ་གཉིས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་རེད།
         ད་རེས་ཀྱི་རྒྱལ་ཡོངས་བྱེས་བགྲོད་ལེགས་སྐྱེས་འགྲན་བསྡུར་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ལུས་རྩལ་པ་550ལྷག་ཙམ་ཞུགས་ཡོད་ཅིང་། བོད་ལྗོངས་ཀྱི་ལུས་རྩལ་པ་བསོད་ནམས་ཚེ་རིང་ལ་སྐྱེས་པའི་གཞོན་ནུའི་ཚོགས་ཆུང་གི་སྤྱི་ལེ་6གི་བྱེས་བགྲོད་མཐའ་བསྡུར་ལ་སྐར་མ་19དང་སྐར་ཆ་07ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་། རྟ་མགྲིན་ཚེ་དབང་ལ་སྐྱེས་པའི་དར་མའི་ཚོགས་ཆུང་གི་སྤྱི་ལེ་6གི་བྱེས་བགྲོད་མཐའ་བསྡུར་ལ་སྐར་མ་18དང་སྐར་ཆ་42ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་ཐོབ་པ། བློ་བཟང་ཆོས་རྒྱལ་ལ་སྐྱེས་པའི་ལོ་ཆུང་ཚོགས་ཆུང་གི་སྤྱི་ལེ་6གི་བྱེས་བགྲོད་མཐའ་བསྡུར་ལ་སྐར་མ་19དང་སྐར་ཆ་43གྱི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་ཐོབ་པ། ཚེ་རིང་མཚོ་མོར་བུད་མེད་ཀྱི་དར་མའི་ཚོགས་ཆུང་གི་སྤྱི་ལེ་4ཡི་བྱེས་བགྲོད་མཐའ་བསྡུར་ལ་སྐར་མ་13དང་སྐར་ཆ་51ཡི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་ཐོབ་པ་རེད།
         ཨེ་ཤེ་ཡའི་བྱེས་བགྲོད་རྒྱུག་ཤར་གྱི་ལེགས་སྐྱེས་འགྲན་བསྡུར་ནི་Aརིགས་ཀྱི་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ཞིག་རེད། སྐྱེས་པའི་གཞོན་ནུའི་ཚོགས་ཆུང་གི་སྤྱི་ལེ་8ཀྱི་རྣམ་གྲངས་ལ་རང་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རུ་ཁག་གི་ལུས་རྩལ་པ་བསོད་ནམས་ཚེ་རིང་ལ་སྐར་མ་25དང་སྐར་ཆ་35ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།