འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་ཟླ་5པ་ནས་བཟུང་མི་དམངས་ཤོག་སྒོར་སྐབས་བཞི་པའི་ཤོག་སྒོར་ཁ་ཤས་ཀྱི་བཀོལ་
    སྤྱོད་བྱ་མཚམས་འཇོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོའི་མི་དམངས་དངུལ་ཁང་གིས་ད་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། མི་དམངས་ཤོག་སྒོར་སྐབས་བཞི་པའི་སྒོར་མོ་100ཅན་དང་། སྒོར་མོ་50ཅན། སྒོར་མོ་10ཅན། སྒོར་མོ་5ཅན། སྒོར་མོ་2ཅན། སྒོར་མོ་1ཅན། སྒོར་ཟུར་2ཅན་བཅས་ཀྱི་ཤོག་སྒོར་དང་སྒོར་ཟུར་1ཅན་གྱི་ལྕགས་སྒོར་ཚང་མ་ཁྲོམ་ར་ནས་བཀོལ་སྤྱོད་བྱ་མཚམས་འཇོག་རྒྱུ་ཡིན་ཚུལ་གཏན་འཁེལ་བྱས་པ་རེད།
          མི་དམངས་ཤོག་སྒོར་སྐབས་བཞི་པའི་ཤོག་སྒོར་ཁ་ཤས་ཀྱི་ཕྱོགས་བསྡུས་དངུལ་བརྗེས་དུས་ཚོད་ནི་2018ལོའི་ཟླ་5ཚེས་1ཉིན་ནས་2019ལོའི་ཟླ་4ཚེས་30ཉིན་བར་ཡིན་པ་རེད། དུས་ཚོད་འདི་ཡི་རིང་ལ། གོང་གསལ་ཤོག་སྒོར་དེ་ཉིད་ཡོད་མཁན་གྱིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་གཉེར་ཁང་ཁག་ནས་དངུལ་བརྗེས་བྱས་ཆོག ཕྱོགས་བསྡུས་དངུལ་བརྗེས་དུས་ཡུན་བརྒལ་རྗེས། མི་དམངས་ཤོག་སྒོར་སྐབས་བཞི་པའི་ཤོག་སྒོར་ཡོད་མཁན་གྱིས་ཀྲུང་གོའི་མི་དམངས་དངུལ་ཁང་གི་ཡན་ལག་སྡེ་ཁག་གིས་བདམས་པའི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་ནས་དངུལ་བརྗེས་བྱས་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།