འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དང་སི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་5ཡི་ཏང་ཨུའི་འགན་ཁུར་གཙོ་བོའི་
    གོ་གནས་ལེགས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གིས་གྲོས་ཐག་བཅད་པ་ལྟར་ན།
         བློ་མཐུན་ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་གོ་གནས་ཁུར་རྒྱུ་མིན་པ། བློ་མཐུན་ཕེང་ཆིང་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ནས། ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་གོ་གནས་ཁུར་རྒྱུ་མིན་པ་རེད།
         བློ་མཐུན་ལུའུ་ཤིན་ཧྲེ་ཡིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ནས། ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་གོ་གནས་ཁུར་རྒྱུ་མིན་པ་དང་། བློ་མཐུན་ལེའུ་ཆི་ཡིས་ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་འགན་བཞེས་རྒྱུ་ཡིན་པ་རེད།
         བློ་མཐུན་ཝང་གོ་ཧྲེང་གིས་ཧོ་ནན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་གོ་གནས་ཁུར་རྒྱུ་མིན་པ་དང་། བློ་མཐུན་ཤེ་ཕུའུ་ཀྲན་གྱིས་ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་གོ་གནས་ཁུར་རྒྱུ་མིན་ཞིང་། གོ་གནས་གཞན་བསྐོ་གཞག་བྱ་རྒྱུ་ཡིན་པ་རེད།
         བློ་མཐུན་ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་འགན་བཞེས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།