འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཀྱི་འདོད་འདུན། ལོ་རྒྱུས་ཀྱི་གདམ་ག

    ——བོད་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་སྤྱི་ཚོགས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་ཆེན་པོས་བརྩི་བཀུར་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་3ཚེས་17ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་རེད།
         བྱང་རྩྭ་ཐང་ནས་ཧི་མ་ལ་ཡ་བར་དང་བོད་ཤར་རྒྱུད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ནས་མཁའ་དབྱིངས་ཀྱི་མངའ་རིས་བར། རང་ལྗོངས་ཀྱི་སྤྱི་ཚོགས་མི་རིགས་ཁག་དང་ལས་རིགས་ཁག་དང་དེ་བཞིན་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་མ་གྲོས་གཅིག་མཐུན་ངང་འདེམས་བསྐོའི་མཇུག་འབྲས་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་འདོད་འདུན་དང་བསམ་ཚུལ་གང་ལེགས་མཚོན་ཡོད་ལ་ཏང་གི་འདུན་པ་དང་། མི་དམངས་ཀྱི་འདུན་པ། རྒྱལ་ཁབ་ཀྱི་འདུན་པ་བཅས་ཚད་མཐོའི་གཅིག་གྱུར་བྱུང་བའང་གང་ལེགས་མངོན་པའི་ངོས་འཛིན་བྱས་པ་རེད།
         ཚང་མས་ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་ལ་ལྷག་བསམ་རྣམ་དག་ངང་གོང་བཀུར་ཞུ་སའི་སྲོག་ཤིང་ལྡན་པར་གྱུར་ལ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་པའི་སྤྱི་མཐུན་རྒྱལ་ཁབ་ལ་བློ་རྩ་བརྟན་པོས་འགན་ཁུར་མཁན་གྱི་ལམ་སྟོན་པ་ཡོད་པ་དང་རླུང་བརྟེན་རླབས་གཤགས་ཀྱི“ཀྲུང་གོ་རྟགས་ཅན”གྱི་གྲུ་ཆེན་ལ་གཟིགས་རྒྱང་ཆེ་བའི་དེད་དཔོན་ལྡན་པར་གྱུར་ཡོད་ཅེས་བཤད།
         ཀུན་གྱིས་རེ་སྒུག་བྱེད་པ་ལྟར་མི་དམངས་ཀྱི་གཙོ་འཛིན་ལ་དམངས་ཚོགས་དུང་ཕྱུར་དུ་མའི་ལྷག་བསམ་དག་པའི་བརྩི་བཀུར་ཐོབ་ཅིང་། ཐལ་མོའི་རྡེབ་སྒྲ་དྲག་པོས་ལོ་རྒྱུས་ལ་བདེན་དཔང་བྱེད་བཞིན་ཡོད།
         མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་གཤོང་བའི་ཚོགས་ཁང་དུ་འདེམས་ཤོག་ཆ་ཚང་ཐོག་ནས་བདམས་ཐོན་བྱུང་བའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་སྦྲགས། ཐལ་མོའི་རྡེབ་སྒྲས་ལོ་རྒྱུས་རང་བཞིན་གྱི་དུས་ཚོད་གཅིག་རྟགས་སུ་བཀོད།
         ཞི་ཅིན་ཕིང་བདམས་ཐོན་བྱུང་བའི་གནས་ཚུལ་སྐུད་མེད་རླུང་འཕྲིན་དང་། བརྙན་འཕྲིན། དྲ་སྦྲེལ་བཅས་བརྒྱུད་གངས་ལྗོངས་ས་མཐོ་ཚུད་པའི་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཁྱབ།
         ཚོགས་འདུ་གཉིས་ཀྱི་གསར་འགྱུར་བལྟས་པ་བརྒྱུད། རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་སྐོར་གཟིགས་པ་གཞོན་པ་ཤའོ་གཡན་གྱིས“ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་སྒམ་ནན་གྱི་གདམ་ག་ཞིག་ཡིན་པ་དང་ཀྲུང་གོ་བ་མི་རེ་ངོ་རེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སེམས་གཏིང་ནས་གོང་བཀུར་ཞུས་པ་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཁྲོད་ནས་ཐོན་པ་དང་མི་དམངས་ཁྲོད་རྩ་བ་ཚུགས་པས་མི་དམངས་ཀྱི་ཚབ་ཡིན་ལ་ནམ་ཡང་མི་དམངས་ལ་དབང་ཡོད”ཅེས་བཤད།
         ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ལི་ཡན་གྱིས“རང་རེའི་ཏང་ལ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་བའི་འགོ་ཁྲིད་སྲོག་ཤིང་འདི་ལྟ་བུ་ཞིག་ཡོད་པ་དང་། རང་རེའི་རྒྱལ་ཁབ་ལ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་གཙོ་འཛིན་འདི་འདྲ་ཞིག་ཡོད་པ་དེས་ང་ཚོའི་བྱ་གཞག་ལ་འོད་སྟོང་གསར་པ་དེ་བས་ཆེ་བ་འཕྲོ་ངེས་རེད། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་ང་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་བརྗོད།
          ལྗོངས་འགྲིམ་འགྲུལ་དང་། སློབ་གསོ། ཞིང་འབྲོག དབུལ་སྐྱོར། ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་གྱི་ལས་བྱེད་ལས་བཟོས་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་ཐོག་ནས་རྒྱལ་ཁྱབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ནི་མི་དམངས་དུང་ཕྱུར་ཁྲི་ཡི་ཐུན་མོང་གི་བསམ་འདུན་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཏང་དང་རྒྱལ་ཁྱབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ནི་ལོ་རྒྱུས་ཀྱིས་དཔང་པོ་དང་ལག་ལེན་དངོས་ཀྱིས་ཞིབ་བཤེར་བྱས་པ་ཞིག་ཡིན་ཞིང་། ཁོང་ནི་ངོ་གནོང་མི་དགོས་པའི་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན་ཡང་ཡིན། དེ་དང་ཆབས་ཅིག་དེ་ནི་ལོ་རྒྱུས་ཀྱི་གདམ་ག་དང་། མི་དམངས་ཀྱི་གདམ་ག དུས་རབས་ཀྱི་གདམ་ག་བཅས་ཡིན་ལ་ཏང་གི་བློ་ཁ་ཕྱོགས་ས་དང་། དམངས་ཀྱིས་རེ་སྒུག་བྱེད་ས། ཀུན་གྱིས་རེ་བ་བཅོལ་ས་བཅས་ཀྱང་ཡིན་པའི་ངོས་འཛིན་བྱས།
         མི་རྣམས་ལ་སེམས་འགུལ་ཐེབས་དགོས་པའི་གནས་ཚུལ་དེ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ལྷ་མཐོང་གྲོང་ཚོར་ཁྱབ་སྐབས། དུད་ཚང་དབུལ་པོ་ནོར་བུ་དཔའ་ཐར་དགའ་ཚོར་ཆེན་པོ་བྱུང་ཡོད། ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྷ་མཐོང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དེ་སྔའི་ས་ཕག་ཁང་པ་མཐོང་རྒྱུ་མེད་པར་དེང་རབས་ཅན་གྱི་ཁང་གསར་རི་འདབས་སུ་གྲལ་སྟར་འགྲིག་པོས་བསྐྲུན་ཡོད་པ་དང་། གྱང་དཀར་པོ་དང་ཐོག་དམར་པོའི་བོད་བཟོའི་ཁང་པ་དེ་དག་གནམ་སྔོན་གངས་དཀར་ཁྲོད་དེ་བས་མཛེས་ཉམས་ལྡན་པ་ཞིག་ཡོད། “ངའི་ཁྱིམ་ལ་སྨི་ངོས་གྲུ་120ལྷག་ཙམ་ཟིན་པའི་བོད་ལུགས་ཁང་པ་ཡོད་ལ་ངར་སྟེང་ཆེན་རྫོང་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་དུ་གཏན་འཇགས་ཀྱི་ལས་ཀའང་ཡོད། ད་ཆའི་འཚོ་བ་སྐྱིད་པོ་དེ་འདྲ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་ང་ཚོ་མི་སེར་ཚོ་བཅངས་ཡོད་པས་ཁོང་ཉིད་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པར་ང་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་ནོར་བུ་དཔའ་ཐར་གྱིས་བཤད། དམངས་ཚོགས་ཀྱི་བསམ་ཚུལ་མང་པོ་ལས་དམངས་སེམས་གཅིག་ཏུ་འདུས་པ་དང་སྟོབས་ཤུགས་རིམ་གྱིས་སྐྱེས་པ་མངོན།
      

    ཕྱོགས་བསྡུས་གསར་འགྱུར།