འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་2017ལོའི་ཁོར་ཡུག་མཁའ་རླུང་སྤུས་ཚད་རྒྱུན་མཐུད་དེ་བཟང་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་གསལ། 2017ལོར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་གོ་ཆོད་ཞིབ་དཔྱད་ཚད་ལེན་ཉིན་གྲངས་ཉིན་365ཡིན་པའི་ནང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་116ཡིན་པ་དང་། འབྲིང་ཚད་ཉིན་245ཡིན་པ། སྦགས་བཙོག་ཕྲན་བུ་ཕོག་ཚད་ཉིན་3ཡིན་པ། སྦགས་བཙོག་འབྲིང་ཚད་ཕོག་ཚད་ཉིན་1ཡིན་པས། སྤུས་ཚད་ལེགས་པོ་དང་འབྲིང་ཚད་ཀྱི་ཉིན་གྲངས་ཀྱིས་98.9%ཟིན་ནས། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་ཁྲོད་བང་རིམ་གཉིས་པར་སླེབས་ཡོད་པ་རེད།
         ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་སྐལ་བཟང་བག་གྲོས་2017ལོར་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས“རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞིར”ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བརྩིས་པ་དང“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་དམ་འཛིན་བྱ་གཞིར་བྱས་ཏེ། བྱ་ཐབས་སྣ་མང་མཉམ་དུ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་དེ་བཟང་པོ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།