འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་དམངས་སྤྱོད་མཁའ་འགྲུལ་གྱི་དཔྱིད་གསར་སྐྱེལ་འདྲེན་ཕུན་སུམ་ཚོགས་
    པོའི་ངང་མཇུག་འགྲིལ་བ།

    བོད་ལྗོངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་49ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ཉིན་40ཡི་དམངས་སྤྱོད་མཁའ་འགྲུལ་གྱི་དཔྱིད་གསར་སྐྱེལ་འདྲེན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ནས་བོད་དུ་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་49སྐྱེལ་འདྲེན་བྱས་པ་དང་། དུས་གཏན་གནམ་གྲུ་ཐེངས་4654བཏང་བ་དེ་དུས་མཚུངས་ལས་25.4%དང་14.5%སོ་སོར་འཕར་ཡོད་པ་དང་། འཕར་ཚད་རྒྱལ་ཡོངས་དཔྱིད་གསར་སྐྱེལ་འདྲེན་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། བོད་ནས་འགྲོ་འོང་བྱེད་མཁན་དུས་གཏན་གནམ་གྲུར་འགྲུལ་པ་སྡོད་ཚད་བལྟོས་བཅས་ཀྱིས་མཐོ་བ་ཡོད་པ་དང་།མཁའ་ལམ་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཤིས་ཨན་སོགས་བོད་དུ་འགྲོ་འོང་བྱེད་མཁན་ལས་མི་རྒྱུག་མཁན་འགྲུལ་པ་གཅིག་སྡུད་ཡིན་པའི་གྲོང་ཁྱེར་དག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།