འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་གྱིས་སྲུང་སྐར་ཐད་གཏོང་སློབ་ཁྲིད་ལ་བརྟེན་ནས་ཁྱད་ལྡན་སློབ་གསོ་བཏོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2014ལོ་ནས་བཟུང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་འབྲིང་གིས་ཁྲེང་ཏུའུ་སློབ་འབྲིང་བདུན་པ་དང་མཉམ་ལས་བྱེད་འགོ་བཙུགས་ཏེ་ལོ་རིམ་ཚང་མར་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཚན་ཁག་གི་སྲུང་སྐར་ཐད་གཏོང་འཛིན་གྲྭ་རེ་བཀོད་སྒྲིག་བྱས་ཡོད། སློབ་མ་ཚོས་ཁྲེང་ཏུའུ་སློབ་འབྲིང་བདུན་པའི་དྲ་བའི་སློབ་གྲྭའི་སློབ་གྲོགས་ཚོ་དང་དུས་གཅིག་ཏུ་སློབ་ཚན་ཉན་པ་དང་། དུས་གཅིག་ཏུ་རང་སྦྱོང་བྱེད་པ། དུས་གཅིག་ཏུ་རྒྱུགས་སྤྲོད་ཀྱི་ཡོད། ཁྲེང་ཏུའུ་སློབ་འབྲིང་བདུན་པའི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་སྤྱད་པ་བརྒྱུད་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་སློབ་འབྲིང་གི་སློབ་གསོའི་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་སོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།