འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཁས་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་སྐད་ཡིག་བེད་སྤྱོད་དང་། 
    སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་37གྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཀྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གཏམ་བཤད་སྤེལ་ནས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ཀྱི་སྐུ་ཚབ་ལ་བོད་སྐད་ཡིག་བེད་སྤྱོད་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
         ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ལས་འཛིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཉེ་རབས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བཀྲ་བློས་གཏམ་བཤད་སྤེལ་ནས་ཀྲུང་གོའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་མི་རིགས་ཁག་ལ་རང་མི་རིགས་ཀྱི་སྐད་ཡིག་སྤྱོད་པའི་དབང་ཆ་ཡོད་ཅེས་གཏན་འབེབས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁྲིམས་སྲོལ་ནང་བོད་སྐད་ཡིག་ནི་ས་གནས་དེའི་ཡོངས་ཁྱབ་ངང་སྤྱོད་པའི་སྐད་ཡིག་ཡིན། བོད་སྐད་ཡིག་དང་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་ངང་སྤྱོད་པའི་སྐད་ཡིག་ལ་ནུས་པ་འདྲ་མཚུངས་ཡོད་པའི་གཏན་འབེབས་ཁ་གསལ་བྱས་ཡོད་ཅེས་གསུངས་པ་རེད།
         ཁོང་གིས་ད་ལྟ་བོད་ཀྱི་ཞིང་འབྲོག་པས་གཙོ་བོ་སྤྱོད་པའི་སྐད་ཡིག་ནི་བོད་སྐད་ཡིག་ཡིན། འོས་འགན་སློབ་གསོའི་དུས་མཚམས་སུ་བོད་ཀྱིས་སྐད་ཡིག་གཉིས་ཀྱི་སློབ་གསོ་སྤྱོད་པ་མ་ཟད། ད་དུང་བོད་སྐད་ཡིག་དང་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་ངང་སྤྱོད་པའི་སྐད་ཡིག་གལ་ཆེ་མཉམ་དུ་འཛིན་གྱི་ཡོད། གཞན་ཡང་སྲིད་གཞུང་གིས་ཆེད་མངགས་ལས་ཁུངས་བཙུགས་ཏེ་རྒྱུན་ཆད་མེད་པར་ཐོན་པའི་ཐ་སྙད་གསར་པ་ཚད་ལྡན་དུ་གཏོང་བ་དང་། ཀྲུང་གོ་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་དཔེ་སྐྲུན་བྱ་རྒྱུར་མཐོང་ཆེན་བྱེད་པ། ལྷག་པར་དུ་རིགས་གཅིག་མཁས་ཅན་བརྒྱ་གྲངས་སྒྲིག་འཛུགས་བྱས་ཏེ་བགྲང་བྱ་ཉི་ཤུ་སྤྱད་ནས་པར་གཞི་སྣ་ཚོགས་ཀྱི་བོད་ཡིག་《བཀའ་འགྱུར་》དཔེ་བསྡུར་དང་དཔེ་སྐྲུན་བྱས་ཡོད། ད་ལྟ་བོད་ཡིག་ཆ་འཕྲིན་ཅན་གྱི་ལག་རྩལ་ཉིན་རེ་ལས་མ་འདས་པར་འཐུས་ཚང་དུ་སོང་ནས་དྲ་རྒྱའི་ཐོག་བོད་སྐད་ཡིག་སྤྱོད་མཁན་ཧ་ཅང་མང་པོ་ཡོད་ཅེས་གསུངས་པ་རེད།
         བཀྲ་བློས་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་སྐད་ཡིག་ལ་སྔར་བཞིན་གསོན་ཤུགས་ལྡན་ཡོད་ལ། མུ་མཐུད་རྒྱུན་འཛིན་ཐུབ་པ་དང་འཕེལ་རྒྱས་ཀྱང་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།