འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ནེས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཐཱ་ཐོ་ཕ་ཉིའི་མཐའ་མཚམས་ཞིབ་བཤེར་
    ས་ཚིགས་བསྐྱར་སྐྲུན་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་དང་ནེ་པ་ལ་སྲིད་གཞུང་གིས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་རྣམ་གྲངས་འཛུགས་པའི་བརྗེ་རེས་ཡིག་ཆར་མིང་རྟགས་བཀོད་དེ་ཀྲུང་གོས་རོགས་སྐྲུན་བྱས་པའི་ཐཱ་ཐོ་ཕ་ཉིའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་གེགས་རྗེས་བསྐྱར་སྐྲུན་བྱ་རྒྱུ་གཏན་འཁེལ་བྱུང་ཡོད།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་དང་ནེ་པ་ལའི་ནོར་སྲིད་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཨ་ཏི་ཁཱ་ལིས་ཕྱོགས་གཉིས་པོའི་སྲིད་གཞུང་གི་ཚབ་ཞུས་ནས་རྣམ་གྲངས་འཛུགས་པའི་བརྗེ་རེས་ཡིག་ཆར་མིང་རྟགས་བཀོད་པ་རེད། ཐཱ་ཐོ་ཕ་ཉིའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་གེགས་རྗེས་བསྐྱར་བསྐྲུན་རྣམ་གྲངས་ཕུད། ཀྲུང་གོ་དང་ནེ་པ་ལས་ཉིན་དེར་ཤིན་ཏུའུ་པར་ཆའོ་ཁེ་སྨན་ཁང་ཉམས་གསོ་རྒྱས་སྐྲུན་དང་། ཅི་ལི་སློབ་འབྲིང་གཉིས་ཀྱི་གེགས་བརྗེས་བསྐྱར་སྐྲུན་རྣམ་གྲངས་ལ་མིང་རྟགས་བཀོད་པ་རེད།
         ཨ་ཏི་ཁཱ་ལིས་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོའི་རོགས་རམ་འོག་ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ལས་སྒྲོལ་ནས་རྒྱལ་ཁབ་གཉིས་པོ་ཕན་ཚུན་སྦྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཐཱ་ཐོ་ཕ་ཉིའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་འདི་ཀྲུང་ནེའི་འགྲམ་འགག་སྒོའི་ནེ་པ་ལ་ཕྱོགས་སུ་གནས་ཡོད། 2012ལོའི་ཟླ་བཅུ་གཉིས་པ་ནས་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་ཀྱང་ཆུ་རུད་དང་། རི་ཉིལ་བ། ས་ཡོམ་སོགས་རང་བྱུང་གནོད་འཚེས་རྐྱེན་པས་འཛུགས་སྐྲུན་བྱེད་མཚམས་བཞག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།