འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་སྲིན་འཛིན་ཟུར་པ་སར་ཁོ་ཙི་ཡིས་ཆབ་སྲིད་དངུལ་རྔན་བླངས་པའི་དོགས་གཞི་
    ཡོད་སྟབས་བཀའ་འགུག་འདྲི་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་21ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྥ་རན་སེའི་སྲིན་འཛིན་ཟུར་པ་སར་ཁོ་ཙི་ཡིས་ཆབ་སྲིད་དངུལ་རྔན་བླངས་པའི་དོགས་གཞི་
ཡོད་སྟབས་བཀའ་འགུག་འདྲི་ཞིབ་བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། ཧྥ་རན་སེ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ཉེན་རྟོག་ཕྱོགས་ཀྱི་བརྡ་འཕྲིན་དྲངས་ཏེ་ཧྥ་རན་སེ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ནི་ཁོ་ལ་སི་·སར་ཁོ་ཙི་(Nicolas Sarkozy)ཡིས་ཁྲིམས་འགལ་ངང་ལི་པི་ཡ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཟུར་པ་ཁ་ཀྲ་ཧྥེ་ཡི་ཆབ་སྲིད་དངུལ་རྔན་བླངས་པའི་དོགས་གཞི་ཡོད་སྟབས། ཧྥ་རན་སེའི་ཁྲིམས་འཛིན་སྡེ་ཁག་གིས་སར་ཁོ་ཙི་ལ་བཀའ་འགུག་འདྲི་ཞིབ་བྱས་པ་དང་། འབྲེལ་ཡོད་བརྟག་དཔྱད་དང་ལེན་བྱས་ཡོད་ཚུལ་བརྗོད་པ་རེད།
          ཧྥ་རན་སེའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་འཕྲིན་ལྟར་ན། རྒྱལ་ས་ཕ་རི་སི་ཉེ་འགྲམ་གྱི་ནན་ཐེར་རེ་(Nanterre)གྲོང་ཁྱེར་གྱི་རུལ་སུངས་ངོ་རྒོལ་དང་དངུལ་རྩའི་དཔྱ་ཁྲལ་སྡེ་ཁག་གིས་ཉིན་དེ་ལ་སར་ཁོ་ཙིར་བཀའ་འགུག་འདྲི་ཞིབ་བྱས་པ་རེད། སྨྱན་སྦྱོར་གྱིས་ཐེངས་མང་པོ་ཞིག་ཏུ་སར་ཁི་ཙི་ལ་ཁྲིམས་འགལ་ངང་ལི་པི་ཡ་རྒྱལ་ཁབ་ཕྱོགས་ཀྱི་ཆབ་སྲིད་དངུལ་རྔན་བླངས་ཚུལ་གྱི་དོགས་གཞི་ཡོད་ཚུལ་བརྗོད་ཡོད་ན་ཡང་། ཐེངས་འདི་ནི་སར་ཁི་ཙི་ཐེངས་དང་པོར་དོན་རྐྱེན་འདི་ལས་བཀའ་འགུག་འདྲི་ཞིབ་བྱས་པ་རེད།
         2012ལོར། སར་ཁི་ཙི་སྲིད་འཛིན་འདེམས་བསྐོ་ནང་ཕམ་ཁ་བྱུང་རྗེས། ཧྥ་རན་སེའི་སྨྱན་སྦྱོར་གྱིས་ལི་པི་ཡ་རྒྱལ་ཁབ་ཀྱི་གསང་མྱུལ་སྡེ་ཁག་གི་གསང་བའི་ཡིག་ཆ་ཞིག་ཕྱིར་བསྒྲགས་ཤིང་། དེ་རུ"སར་ཁི་ཙི་ཡིས་ལི་པི་ཡ་རྒྱལ་ཁབ་ཕྱོགས་ཀྱི་ཆབ་སྲིད་དངུལ་རྔན་འབོར་ཆེན་ཞིག་བླངས་མྱོང་བ་དང་། དེ་ནི་2007ལོའི་ཧྥ་རན་སེའི་སྲིད་འཛིན་འདེམས་བསྐོ་བྱེད་སྒོར་སྤྱད་པ་རེད"ཅེས་བརྗོད་ཡོད་པ་རེད། ཧྥ་རན་སེའི་ཞིབ་དཔྱོད་ཕྱོགས་ཀྱིས་དེ་ལ་བརྟེན་ནས་སར་ཁི་ཙི་ལ་ལི་པི་ཡ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཟུར་པ་ཁ་ཀྲ་ཧྥེ་དང་དེའི་བུ་སའེ་དབྱི་ཧྥུ་ཡིས་ཆབ་སྲིད་དངུལ་རྔན་སྤྲད་དེ་སྲིད་འཛིན་འདེམས་བསྐོ་ལ་རོགས་སྐྱོར་བྱས་ཚུལ་ལ་དོགས་པ་བྱས་ཡོད་པ་རེད།
         2011ལོའི་ཟླ་3པར། སའེ་དབྱི་ཧྥུ་ཡིས་ཡོ་རོབ་གསར་འགྱུར་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་དུས། ལི་པི་ཡ་ཡིས་སར་ཁི་ཙི་ཡི་སྲིད་འཛིན་འདེམས་བསྐོ་བྱེད་སྒོ་ལ་མ་དངུལ་འདོན་སྤྲོད་བྱས་མྱོང་ཞེས་བརྗོད་པ་རེད། 2011ལོའི་ཟླ་3པར། ཧྥ་རན་སེ་རྒྱལ་ཁབ་ཁ་ཀྲ་ཧྥེ་སྲིད་གཞུང་ལ་དམག་དོན་རྡུང་རྡེག་ལ་ཞུགས་ཡོད་པ་དང་། ལོ་དེའི་ཟླ་10པར། ཁ་ཀྲ་ཧྥེ་ཤི་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།