འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་འགོ་ཁྲིད་པས་རང་རྒྱལ་གྱི་སྐབས་གསར་པའི་འགོ་ཁྲིད་པར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཁ་ཤས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་སྤྲིངས་ནས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།
          ཁུ་པ་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་དང་པུའུ་ཀྲང་ཚོགས་འདུའི་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ལའོ་ཨར·ཁ་སི་ཐེ་ལོ་ཡིས་ངས་ཁུ་པའི་མི་དམངས་དང་། ཁུ་པ་གུང་ཁྲན་ཏང་། ཁུ་པ་སྲིད་གཞུང་བཅས་ཀྱི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་བའི་ངང་སྐུ་ཉིད་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁུ་པས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་ཟབ་མོ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཁུ་ཀྲུང་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅཱ་ཉི་ཡིས་སྐུ་ཉིད་བདམས་པ་དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་སྐུ་ཉིད་ཀྱི་ཁྱད་དུ་འཕགས་པའི་སྲིད་དོན་གྱི་མཛད་རྗེས་ལ་ཁས་ལེན་བྱེད་པ་དང་སྐུ་ཉིད་ཀྱི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་གང་ལེགས་མཚོན་ཐུབ། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཨ་ཀྲུང་གི་མཛའ་མཐུན་ལ་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད་པས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་པུའུ་ཏུའུ་ལཱ་ཡིས་སྐུ་ཉིད་བདམས་པ་དེས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།
         ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེ་ཨར་ཐེ་ཡིས་སྐུ་ཉིད་བདམས་པ་དེ་ཐོག་ནས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ཀྱིས་སྐུ་ཉིད་ཀྱི་འགོ་ཁྲིད་ནུས་པ་དང་དེ་བཞིན་རླབས་ཆེན་གྱི་ཐུགས་འདུན་ལ་ཡིད་ཆེས་བརྟན་པོ་ཡོད་པ་གང་ལེགས་མཚོན་ཐུབ། ཧྥི་ཀྲུང་འབྲེལ་བར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་འཕེལ་བཞིན་ཡོད་པས་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས། སྐུ་ཉིད་བྱ་བ་ལམ་འགྲོ་ཡོང་བ་དང་། མཛའ་བརྩེ་ལྡན་པའི་ཀྲུང་གོ་མི་དམངས་རྒྱུན་ཆད་མེད་པར་ཡར་ཐོན་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཨེ་ཅིབ་ཕྱོགས་ཀྱིས་སྲ་ཞིང་བརྟན་པའི་ཨེ་ཀྲུང་འབྲེལ་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་དབར་གྱི་གཉིས་ཁེ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་དང་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལྡན་པའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
         ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱིས། ངས་ཨ་རབ་ཀྱི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག མཛའ་བརྩེ་ལྡན་པའི་ཀྲུང་གོ་མི་དམངས་རྒྱུན་ཆད་མེད་པར་ཡར་ཐོན་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ངས་ཨ་རབ་དང་ཀྲུང་གོ་དབར་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་སྲ་ཞིང་བརྟན་པའི་མཛའ་བརྩེ་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཁུ་ཝེ་ཐེའི་ཨའེ་སྨིར་སཱ་པཱ་ཧོས། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཁུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཆབས་ཅིག ཁུ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་སྲ་ཞིང་བརྟན་པའི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཅེ་ཁེའི་ཙུང་ཐུང་ཙེ་མན་གྱིས། ཁྱེད་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་འབྱུང་འགྱུར་ལ་སྔར་བས་འོད་སྟོང་ལྡན་པའི་ཡིད་ཆེས་ཡོད། ཀྲུང་གོ་ནི་ཅེ་ཁེའི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ལས་ཞིབ་ཕྲའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་བཞིན་ཡོད། ངས་ཁྱེད་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་གློག་འཕྲིན་ནམ་ཡང་ན་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་མཁན་ཁྲོད་ད་དུང་ནི་ཀྲེ་རི་ཡའི་ཙུང་ཐུང་ཡིའུ་སུའུ་ཧྥུའུ་དང་། ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་ཨའོ་པི་ཨང་། དབུས་ཨ་ཧྥེ་རི་ཁའི་ཙུང་ཐུང་ཐུའུ་ཝ་ཏེ་ལ། ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ—ཨ་ཏུའོ། དབྱི་རག་གི་ཙུང་ཐུང་མ་སུའུ་མུའུ། ཁ་ཐར་གྱི་ཨའེ་མིའར་ཐ་མི་མུའུ། པ་རེན་གྱི་རྒྱལ་པོ་ཧ་མ་ཏེ། མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི། ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་ཁྲི་ཐོག་དྲུག་པ། ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་ཅ་པིའར། པ་རེན་གྱི་དབུ་བཞུགས་བློན་ཆེན་ཧ་ལི་ཧྥ། ཏོ་སྨི་ནི་ཁན་གྱི་ཙུང་ལི་སི་ཁའེ་ལི་ཐེ། ཧྥི་ཅིའི་ཙུང་ལི་མུའུ་པའེ་ཉི་མཱ་ལ་མ། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར། ཁུ་ཝེ་ཐེའི་རྒྱལ་པོའི་ཤུལ་འཛིན་མཁན་ནཱ་ཝ་ཧྥུའུ། པ་རེན་གྱི་རྒྱལ་པོའི་ཤུལ་འཛིན་མཁན་དང་དབུ་བཞུགས་བློན་ཆེན་དང་པོ་གཅིག་ལྕོགས་ས་ལེ་མན། ཁ་ཐར་གྱི་ཨའེ་མིར་གཞོན་པ་ཨ་ཕུའུ་ཏུའུ་ལ་བཅས་ཡོད་པ་རེད།
         རྒྱ་གར་གྱི་ཙུང་ལི་མོ་ཏེ་སོགས་ཀྱིས་ད་དུང་བྱ་ཐབས་གཞན་དག་གི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུས་པ་རེད།
         ཕྱི་རྒྱལ་གྱི་འགོ་ཁྲིད་འགའ་ཞིག་གིས་རྟེན་འབྲེལ་གློག་འཕྲིན་དང་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་བདམས་ཐོན་བྱུང་བའི་སྐབས་གསར་པའི་འགོ་ཁྲིད་གཞན་དག་ལ་རྟེན་འབྲེལ་ཞུས་པ་རེད།
         གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ལ་རྟེན་འབྲེལ་ཞུ་མཁན་ཁྲོད།
         ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཧྥུའུ།
         པུ་རུ་ནེའི་སུའུ་ཏན་ཧ་སང་ནའར།
         སེར་པི་ཡའི་ཙུང་ཐུང་ཝུའུ་ཆེ་ཆི།
         ལོ་སིའི་ཙུང་ལི་ཐུང་ལུན།
         ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་པ་ཤིས།
         ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན།
         རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིང་སན།
         སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་།
         བྷང་ག་ལའི་ཙུང་ལི་ཧ་ཤིས་ནཱ།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལས་འཛིན་དཔོན་ཨ་ཕུའུ་ཏུའུ་ལ།
         སི་རི་ལན་ཁའི་ཙུང་ལི་ཝེ་ཁེ་ལེ་མ་ཤིན་ཧ།
         ནེ་པ་ལའི་ཙུང་ལི་ཨའོ་ལི།
        ཧན་གོའི་ཙུང་ལི་ལི་ལུའོ་ཡོན།
        ཧ་སག་སི་ཐན་གྱི་ཙུང་ལི་ས་ཅིན་ཐ་ཡེ་ཧྥུའུ།
        བྷེ་ཨུ་རུ་སུའི་ཙུང་ལི་ཁོའོ་པི་ཡ་ཁོའོ་ཧྥུའུ།
        ཡུག་རེན་གྱི་ཙུང་ལི་ཀེ་ལུའོ་དབྱི་སི་མན།
         ཨར་མེ་ཉི་ཡའི་ཙུང་ལི་ཁཱ་ལ་ཕེ་ཆང་།
         ལེ་སི་ཐོ་ཡི་དབུ་བཞུགས་བློན་ཆེན་ཐ་པ་ནཱ།
         སོ་ཐོ་མེ་དང་ཕུ་རིན་སི་ཕེའི་ཙུང་ལི་ཐེ་ལུའོ་ཝ་ཏ།
         ནི་ཀྲེར་གྱི་ཙུང་ལི་ལ་ཧྥེ་ཉི།
         ས་མོ་ཡའི་ཙུང་ལི་ཐུའུ་དབྱི་ལ་ཨེ་ཧྥ།
         དབྱི་ཐ་ལིའི་ཙུང་ལི་ཀྲེན་ཏི་ལུའོ་ཉི།
         ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐའེ་ཨར།
         ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཨ་ལི་མོ་ཧྥུ་བཅས་རེད།
         གཉིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ལ་རྟེན་འབྲེལ་ཞུ་མཁན་ཁྲོད།
         ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཚོགས་འདུའི་རྒྱལ་ཁབ་ཏུའུ་མ་ཡི་ཀྲུའུ་ཞི་ཝོ་ལུའོ་ཅིན།
         ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན།
         ཐེ་ལན་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཕོང་པེ།
         ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱི་དབྱི་ཀྲང་ས་ཏི་ཁེ།
         ཨ་ཧྥུ་ཀ་ནི་སི་ཐན་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་དབྱི་པོ་ལ་ཤིས་སྨི།
         ཨར་མེ་ཉི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་པ་པུ་ལོ་དབྱང་།
         མོལ་དོ་ཝའི་གྲོས་དཔོན་ཁན་ཏུའུ།
         ལེ་སི་ཐོའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་མོ་ཐ་ཉི་ཡ་ནེ།
         ཐང་ཀའི་གྲོས་ཚོགས་ཀྱི་གྲོས་དཔོན་ཧྥ་ཁ་ཧྥ་ནུའུ་ཨ།
         ལུ་ཙེམ་པོག་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་པའར་ཐུའོ་ལོ་མེ་ཨའོ་བཅས་རེད།
         གསུམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ལ་རྟེན་འབྲེལ་ཞུ་མཁན་ཁྲོད།
         ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་དང་ཝེ་ཐེ་ནམ་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁྲེན་ཆིང་མིན།
         ཐེ་ལན་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཕོང་པེ།
         ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ལས་ཚབ་ཀྲུའུ་ཞི་ནའེ་པེ་ནཱ།
         ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅི་ལ་ཉི།
         ཀག་ནའི་གྲོས་དཔོན་ཨའོ་ཁྭ་ཡེ།
         ཁེན་ནི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་མུའུ་ཐུའུ་ལི།
         སེར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཀེ་དབྱི་ཁོའོ་ཝེ་ཆི།
         ལུ་ཙེམ་པོག་གི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་པའར་ཐུའོ་ལོ་མེ་ཨའོ།
         པེ་ནི་ནའི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ཁང་གི་ཀྲུའུ་ཞི་པི་ཨང་བཅས་ཡིན།
         བཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ལ་རྟེན་འབྲེལ་ཞུ་མཁན་ཁྲོད།
         སེར་པི་ཡའི་ཙུང་ཐུང་ཝུའུ་ཆེ་ཆི།
         ཕ་ཁི་སི་ཐན་གྱི་ཙུང་ལི་ཨ་པ་ཤིས།
         ཧན་གོའི་ཙུང་ལི་ལི་ལུའོ་ཡོན།
         ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཏེང་ཧྲེ་ཡུས་ཧྲེང་།
         ལོ་སིའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཁན།
         ནེ་པ་ལའི་ཙུང་ཐུང་གཞོན་པ་ཧྥུའུ་ཨེན།
         ཐིག་དམར་ཀུའི་ནེ་ཡའི་ཙུང་ཐུང་གཞོན་པ་མན་ཀེ།
         ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་གཞོན་པ་གཉིས་པ་ཏན་ཉི་ཧྲི་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།