འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།"དར་གོས་ལམ་བུ"ཀྲུང་གོ་དང་རྒྱ་གར་གྱི་རོལ་དབྱངས་དུས་ཆེན་སྐབས་གསུམ་པ་འབོམ་
    འབེལ་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྐབས་གསུམ་པའི"དར་གོས་ལམ་བུ"ཞེས་པའི་ཀྲུང་གོ་དང་རྒྱ་གར་གྱི་རོལ་དབྱངས་དུས་ཆེན་ཚེས་11ཉིན་གྱི་དགོང་མོ་འབོམ་འབེལ་དུ་འཚོགས་པ་རེད། ཀྲུང་གོའི་ནང་སོག་རྩྭ་ཐང་ནས་ཡོང་བའི་རོལ་དབྱངས་མཁས་ཅན་ཚོས་གཅིག་སྡུད་ཐོག་ལོ་རྒྱུས་ཡུན་རིང་ལྡན་ཞིང་མཁྱེན་རྒྱ་ཡངས་པའི་སོག་རིགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་བྱས་པ་དང་ལྟད་མོ་ཆེ་བའི་འཁྲབ་སྟོན་དེར་ལྟད་མོ་བ་ཚོའི་དགའ་བསུ་དང་དགའ་འབོད་ཚད་མེད་ཐོབ་ཡོད།
         ཉིན་དེའི་དགོང་མོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་སོགས་མང་པོ་ལས་གྲུབ་པའི་སྒྱུ་རྩལ་ཚོགས་པས་པི་ཝང་རྟ་མགོ་མའི་སྙན་དབྱངས་《རྟ་ཁྲི་མཉམ་རྒྱུག་》ཅེས་པ་དང་། གྲགས་ཅན་སྒྲ་གདངས་རིང་བའི་རོལ་དབྱངས་《ཇིང་གིར་རྒྱལ་པོ་》 གྲགས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་ངག་མཚོན་པའི་《ཅང་ཀེར་བསྟོད་》ཞེས་པ་སོགས་ས་ཁུལ་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་མཚོན་པའི་ལེ་ཚན་སྔ་རྗེས་སུ་འཁྲབ་སྟོན་བྱས་པ་རེད།
          ལྟད་མོ་ཆེ་བའི་འཁྲབ་སྟོན་ལས་ལྟད་མོ་བ་ཚོ་དང་འཁྲབ་སྟོན་པའི་དབར་ཕན་ཚུན་སྤེལ་རེས་ཐུབ་པ་དང་དེ་བཞིན་རྒྱ་གར་གྱི་གྲགས་ཅན་རོལ་དབྱངས་མཁས་ཅན་ཁ་ཤས་འཁྲབ་སྟོན་ལ་ཞུགས་པ་དང་ཨེ་ཤེ་ཡ་ལྷོ་མའི་ཁྱད་ཆོས་ཆེན་པོ་ལྡན་པའི་ཐ་པུའུ་ལའི་རྔ་དང་པི་ཝང་རྟ་མགོ་མ་མཉམ་དཀྲོལ་བྱས་པ་ལས་འཁྲབ་སྟོན་བྱ་ཡུལ་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་ཕྱིན་པ་གསར་འགོད་པས་མཐོང་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།