འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མེར་ཁེལ་ཐེངས་བཞི་བ་ལ་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་16ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མེར་ཁེལ་ཐེངས་བཞི་བ་ལ་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་14ཉིན། འཇར་མན་གྱི་རྒྱལ་ཁབ་མཉམ་འབྲེལ་གྲོས་ཁང་གིས་ཙུང་ལི་འདེམས་བསྐོ་ལ་འདེམས་ཤོག་འཕངས་པ་དང་། ཨན་གེ་ལཱ་·ཏོ་རོ་ཐེ་དབྱི་·མེར་ཁེལ་(Angela Dorothea Merkel)ལ་འཐད་པའི་འདེམས་ཤོག་364ཐོབ་པས། འཇར་མན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བ་རེད། གཞན་གྲོས་ཁང་གི་དབྱི་ཡོན་315ཡིས་ངོ་རྒོལ་གྱི་འདེམས་ཤོག་འཕངས་ཡོད་པ་དང་། མི་9ཡིས་དབང་ཆ་དོར་ཡོད་པ་རེད།
          ཨན་གེ་ལཱ་·ཏོ་རོ་ཐེ་དབྱི་·མེར་ཁེལ་(Angela Dorothea Merkel)ནི་1954ལོའི་ཟླ་7པར་སྐྱེས་ཤིང་། 1973ལོ་ནས་1978ལོའི་བར་སྔོན་ཆད་ཀྱི་དམངས་གཙོ་འཇར་མན་གྱི་ལའེ་ཕི་ཙིག་སློབ་ཆེན་(Universität Leipzig)ནས་དངོས་ལུགས་རིག་པ་སློབ་གཉེར་བྱས་ལ། 1986ལོར་དངོས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ་པ་རེད། 1989ལོ་ནས་བཟུང་སྲིད་ཕྱོགས་ལ་ཞུགས་པ་དང་། སྔོན་ཆད་ཀྱི་དམངས་གཙོ་འཇར་མན་གྱི"དམངས་གཙོ་རྟོགས་སད"རྩ་འཛུགས་སུ་ཞུགས་ཤིང་། 1991ལོ་ནས་1998ལོའི་བར་འཇར་མན་གྱི་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར་བ་དང་། 2004ལོའི་ཟླ་4པ་ནས་ཀྲུའུ་ཞི་ཡི་འགན་ཁུར་བ་རེད། 2005ལོའི་ཟླ་11པར་བདེ་བླག་ངང་མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གཉིས་ཀྱི་མཉམ་འབྲེལ་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་བས། འཇར་མན་གྱི་ལོ་རྒྱུས་ཐོག་གི་བུད་མེད་ཙུང་ལི་ཐོག་མར་གྱུར་པ་དང་། 2009ལོ་ནས་2013ལོའི་འདེམས་བསྐོ་ཆེ་མོའི་ནང་བདེ་བླག་ངང་ཙུང་ལི་ཡི་ལས་འགན་མུ་བཞུགས་བཅས་གནང་མྱོང་བ་རེད།
    ༄༅།།མེར་ཁེལ་ཐེངས་བཞི་བ་ལ་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བ།
    ༄༅།།མེར་ཁེལ་ཐེངས་བཞི་བ་ལ་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་ཐོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།