འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་ཡུལ་དུ་མི་སེམས་ཆགས་པ་དང་། ཐོན་ལས་དབུལ་སྐྱོར། སྣོད་བཅུད་གྲོང་དར་བཅས་ཡོང་བ་བྱེད་དགོས། 

    —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོང་གསེབ་དར་རྒྱས་སྐོར་གླེང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 16:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཞུང་ལས་དོན་སྙན་སྒྲོན་ནང་། “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་མགྱོགས་མྱུར་མངོན་འགྱུར་བྱེད་དགོས”ཞེས་སྟོན་ཡོད། གང་འདྲ་བྱས་ཏེ་ཞིང་པ་དེ་ཉིད་ཡིད་དབང་འཕྲོག་པའི་ལས་རིགས་སུ་འགྱུར་རྒྱུ་དང་། ཞིང་ལས་རེ་བ་ལྡན་པའི་ཐོན་ལས་སུ་འགྱུར་རྒྱུ། གྲོང་གསེབ་སྣོད་བཅུད་ཀུན་འཕྲོད་ཀྱི་ཁྱིམ་གཞིས་སུ་འགྱུར་རྒྱུ་བཅས་ལ་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལ་ལས་ཐབས་འདོན་ཇུས་འབུལ་གནང་བ་རེད།
         གདན་འདྲེན་ཞུས་ནས་མི་སེམས་ཆགས་པ་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འགག་རྩ་དེ་མི་ལ་ཐུག་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཅང་སུའུ་ཞིང་ཆེན་དབྱི་ཤིན་གྲོང་ཁྱེར་ཤིས་ཀྲུའུ་གྲོང་རྡལ་པེ་ཐཱ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཨོའུ་དབྱང་ཧྭ་ཡིས།“གཞོན་ནུ་ནི་འབྱུང་འགྱུར་གྲོང་གསེབ་དར་རྒྱས་ཡོང་བའི་རེ་བ་རེད། གཞོན་ནུ་རྣམས་རང་ཡུལ་དུ་སེམས་ཆགས་པ་དང་ལོག་ཐུབ་པ་བྱེད་དགོས་ན། ངེས་པར་དུ་གཞོན་ནུའི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་གྲོང་གསེབ་ཏུ་འདྲེན་རྒྱུར་ཁྲིད་སྟོན་བྱེད་དགོས”ཞེས་གསུངས།
         གཞོན་ནུ་དེ་བས་མང་པོ་གྲོང་གསེབ་ལ་དགའ་ཞེན་དང་གྲོང་གསེབ་ཏུ་སེམས་ཆགས་པ་བྱེད་ཆེད། ཨོའུ་དབྱང་ཧྭ་ཡིས་པེ་ཐཱ་གྲོང་ཚོར་གཞོན་ནུའི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་རྣམ་གྲངས་ཁག་གཅིག་བཏོད་ཡོད། མིག་སྔར་གྲོང་ཚོ་ཡོངས་ཀྱི་གཞོན་ནུ་30%གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནན་ཅིང་ཞིང་ལས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་ཡོན་ཀྲང་ཀྲུའུ་ཅིང་གིས་ས་གནས་གཞན་གྱི་ཤེས་ལྡན་མི་སྣའི་ཡིད་དབང་འགུགས་དགོས་ན། དང་ཐོག་ཁོང་ཚོར་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་བཟང་པོ་མཁོ་འདོན་བྱས་ཏེ་ཁོང་ཚོའི་སེམས་ཁྲལ་སེལ་དགོས་ཞེས་གསུངས།
         གཞན་བརྟེན་ནས་རང་བརྟེན་དུ་གྱུར་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་བྱས་པ།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་ཏིང་ཀའོ་གྲོང་རྡལ་ཏིང་ཤིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཧྲན་ཧུང་གིས། “སྲིད་གཞུང་ལས་དོན་སྙན་སྒྲོན་ནང་། ‘དབུལ་སྒྲོལ’དང‘དབུལ་སྐྱོར’སྐོར་ཐེངས་མང་བཏོན་ཡོད་པས་ང་ཚོས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སེམས་ཤུགས་ཆེ་རུ་ཕྱིན་སོང”ཞེས་གསུངས།
         ཀྲོའུ་ཧྲན་ཧུང་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཡིན་པ་དང་ཧྲའན་ཤིས་ཧྥུའུ་ཕིང་རྫོང་དུ་ཆ་སྒྲིག་རོགས་སྐྱོར་བྱེད་པར་གདན་ཞུ་བྱས་ཤིང་། ད་ཐེངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུར་ཞུགས་སྐབས། ཁོང་གིས་ཧྲའན་ཤིས་ཧྥུའུ་ཕིང་གི་གཡེར་མ་དང་གཡེར་མའི་སྣུམ་འཁྱེར་ཡོད་པ་རེད།
         ཀྲོའུ་ཧྲན་ཧུང་གི་རོགས་རམ་འོག གྲོང་མི་ཚོས་གཡེར་མ་མཉམ་ལས་ཁང་བཙུགས་ནས“མཉམ་ལས་ཁང+ཞིང་དུད”ཀྱི་བྱེད་ཐབས་ལ་བརྟེན་ནས་གཡེར་མ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་བ་མ་ཟད། གཡེར་མའི་སྣུམ་བཟོ་གྲྭ་བཙུགས་ཏེ་གཡེར་མ་སོགས་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱས་ཡོད། 2016ལོར་ས་གནས་དེའི་མི་སེར་གྱི་ལོའི་ཆ་སྙོམས་ཡོང་འབབ་སྒོར་3500ནས་2017ལོར་སྒོར་6300བར་འཕར་ཡོད་པ་རེད།
         ཀྲོའུ་ཧྲན་ཧུང་གིས“མི་འབོར་དབུལ་པོའི་ཡོང་འབབ་འགན་ལེན་དང་དབུལ་སྐྱོར་གྱི་གྲུབ་འབྲས་བརྟན་པོ་ཡོང་བ་བྱེད་དགོས་ན། ངེས་པར་དུ་རྒྱུན་རྣམ་ཅན་གྱི་འབབ་འཕར་བྱ་ཐབས་བཟོ་དགོས་པ་མ་ཟད། དབུལ་སྒྲོལ་མང་ཚོགས་ལ་དགོས་ངེས་ཀྱི་རྣམ་གྲངས་དང་། མ་དངུལ། ལག་རྩལ། རིག་ སྟོབས་བཅས་ཀྱི་རོགས་སྐྱོར་བྱེད་དགོས་པ་དང་། མང་ཚོགས་རང་ཉིད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་གསུངས།
        སྤུས་རྟགས་བཏོད་པ་དང་སྣོད་བཅུད་ལ་བརྟེན་ནས་གྲོང་ཚོ་བསྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཡོང་བ་བྱས་པ།
         པེ་ཐཱ་གྲོང་ཚོར“རི་ཀླུང་སྔོ་ལྗང་ལྡན་པ་དང་། ཆུ་བོ་དྭངས་གཙང་སྲུང་སྐྱོང་། ས་གཙང་སྲུང་སྐྱོང”བཅས་ཀྱི་འབོད་ཚིག་དེ་དག་མང་ཚོགས་ཀྱི་ཁ་རྒྱུན་དུ་འགྱུར་ཡོད་པ་དང་། ཐ་ན་ཕྱི་ནས་པེ་ཐཱ་གྲོང་ཚོའི་ཡུལ་སྐོར་སྤྲོ་གསེང་རྣམ་གྲངས་ལ་མ་འཇོག་བྱེད་མཁན་ཚོས་ཀྱང་ཤོད་ཤེས་ཀྱི་ཡོད།
         ཨོའུ་དབྱང་ཧྭ་ཡིས“གྲོང་གསེབ་དར་རྒྱས་དེ་སྐྱོན་བྲལ་དང་། ནུས་ཆེ། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས་པ་མ་ཟད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་པེ་ཐཱ་གྲོང་ཚོས‘ཆུང་ལ་ཁྱད་ཆོས་ལྡན་པ་དང་། ཆུང་ལ་སྤུས་རྟགས་ལྡན་པ། ཆུང་ལ་སྤུས་ཚད་ལེགས་པ’བཅས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་ཁག་གཅིག་ནང་འདྲེན་བྱས་པར་བརྟེན་གྲོང་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་པ་དང་ཕ་ཡུལ་ཡང་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ཡོད”ཅེས་གསུངས།
         ཁོར་ཡུག་ལེགས་སུ་ཕྱིན་པ་བརྒྱུད། ཤན་ཧྥུང་གྲོང་ཚོས་ནུས་ཆེའི་ཞིང་ལས་རྣམ་གྲངས་གཉིས་ནང་འདྲེན་བྱས་ཤིང་། ད་ཆ་ཞིང་པ་རྣམས་ཀྱིས་བོགས་མར་བཏང་བའི་ས་ཞིང་ལས་བོགས་དངུལ་ལེན་རྒྱུ་ཡོད་ལ། དང་ཞིང་ལས་གླིང་ནས་གླ་ཆ་ཡང་ལེན་རྒྱུ་ཡོད་པ་མ་ཟད། རྒྱུ་ནོར་སྒོར་ཁྲི་བརྒྱ་ལྷག་ཙམ་ལས་བརྒལ་བའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།
         གཞུང་ལམ་རྒྱ་ཆེ་བ་དང་། གྲོང་ཚོ་བཀོད་གཙང་། ཞིང་པ་ཕྱུག་པོ་སོགས་ཤན་ཧྥུང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་དང་སྦྲགས། ཤན་ཧྥང་གྲོང་ཚོའི་ཚོགས་ཆུང་དང་པོ་ན་ནིང་ཅང་སུའུ་ཞིང་ཆེན་གྱི་ཁག་དང་པོའི་ཁྱད་ལྡན་ཞིང་ལས་གྲོང་ཚོ་45ཡི་གྲས་སུ་བདམས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།