འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཐང་ཐིང་པོས་ཞིང་སྟོབས་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་
    ཞིང་པའི་ཡོང་འབབ་མང་དུ་གཏོང་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཐུས་མི་ཐང་ཐིང་པོས་ཞིང་སྟོབས་ཞིང་ཕན་སྲིད་ཇུས་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་
ཞིང་པའི་ཡོང་འབབ་མང་དུ་གཏོང་དགོས་ཞེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། གཡོན་གྱི་པར་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐང་ཐིང་པོ་ཡིས་ཏང་ཀྲུང་དབྱང་གི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་ཞིང་བརྒྱུད་བཤུག་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་རྩ་འཛུགས་འཛུགས་པ། ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བ། སྤྲོ་གསེང་ཡུལ་སྐོར་དང་ཤིང་འབྲས་འཐུ་བ་གཞི་གཅིག་ཅན་གྱི་ཞིང་ལས་དཔེ་སྟོན་རྟེན་གཞི་གཏོད་པ་བརྒྱུད་ཞིང་པའི་ཡོང་འབབ་མང་དུ་གཏོང་དགོས་ཞེས་གསུངས་པ། གཡས་ཀྱི་པར་ནི་ཧོ་པེ་ཞིང་ཆེན་ཧེང་ཧྲུའེ་གྲོང་ཁྱེར་ཐའོ་ཁྲེང་ཆུས་ཏེང་ཀྲོང་གྲོང་རྡལ་གྱི་ཁྱིམ་ཚང་ཞིང་རའི་ཤིང་འབྲས་ལྡུམ་ར་ཞིག་ཏུ་ཡུལ་སྐོར་བས་འབྲི་ཏ་ས་འཛིན་འཐུ་བཞིན་ཡོད། ཆུས་དེས་གཏོད་པའི་ཡུལ་སྐོར་ལྟ་སྐོར་དང་། སྤྲོ་གསེང་ངལ་གསོ། ཞིང་ལས་མྱོང་རོལ་བཅས་གཞི་གཅིག་ཅན་གྱི་ཁྱད་ལྡན་སྤྲོ་གསེང་ལྟ་སྐོར་ཞིང་ལས་ནང་ཞིང་པ་ཧུར་ཐག་ཞུགས་པར་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།