འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དབྱང་ལན་དབྱིན་གྱིས་མི་སེར་གྱི་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འཐུས་མི་དབྱང་ལན་དབྱིན་གྱིས་མི་སེར་གྱི་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཞེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ལན་དབྱིན་གྱིས“མི་སེར་གྱི་བདེ་ཐང་ནི་དོན་ཆུང་ཞིག་མིན་པས་གཞི་རིམ་ལ་སྨན་པ་མེད་ན་འགྲིག་ཐབས་མེད། རང་ཉིད་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་དང་གྲོང་གསེབ་ཀྱི་སྨན་པ་ཞིག་ཡིན་པས། གཞི་རིམ་དུ་གཞི་ཚུགས་ནས་དཀའ་སྤྱད་འབད་འཐབ་ཀྱིས་མི་སེར་གྱི་བདེ་ཐང་ཆེད་ལས་ཀ་ཧུར་ཐག་བསྒྲུབ་རྒྱུའི་ལས་འགན་ལྕི་པོ་ཞིག་ངའི་ཕྲག་ཐོག་ཏུ་བབས་ཡོད”ཅེས་གསུངས། པར་རིས་ནི་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་དབྱང་ལན་དབྱིན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།