འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་མོང་ཧའེ་ཡིས་མཚོ་སྔོན་ཚྭ་མཚོའི་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དེ་རྒྱལ་ཁབ་ཀྱི་
    འཐབ་ཇུས་སུ་རིམ་སྤོར་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “དེ་ནི་ཚྭ་མཚོའི་བ་ཚྭའི་ཆུ་ལས་ཐོན་སྐྱེད་བྱས་པའི་ལྕགས་རིགས་མཱེ་ཏིང་ཡིན་པ་དང་ཀྲུང་དབྱང་གིས་དོ་ཁུར་བྱེད་པའི་ཚྭ་མཚོའི་ལྕགས་རིགས་མཱེ་གཞི་གཅིག་ཅན་གྱི་རྣམ་གྲངས་ཁྱོན་ཡོངས་ནས་བསྐྲུན་ཟིན་ཏེ་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད”ཅེས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་མོང་ཧའེ་ཡིས་གསུངས་པ་དང་། ཁོང་གིས་ལག་ཏུ་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་མཱེ་ཏིང་འཁྱེར་ནས་མིག་སྔར་མཚོ་སྔོན་གྱིས་འཚོལ་ཞིབ་བྱས་པའི་ཚྭ་མཚོའི་ལྗང་མདོག་དང་འཁོར་སྐྱོད་འཕེལ་རྒྱས་རྣམ་པ་ལས་ནཱ་དང་། མཱེ། ཅཱ། ལིས་སོགས་ཐོན་ཁུངས་སྤྱོད་ཚད་ལྡབ་འཕར་བྱུང་ཡོད་པས་མཚོ་སྔོན་ཚྭ་མཚོའི་ཐོན་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་རིམ་སྤོར་བྱས་ཏེ་མཚོ་སྔོན་གྱི་ཐོན་ཁུངས་ཀྱིས་རྒྱལ་ཡོངས་མི་དམངས་ལ་མུ་མཐུད་ཕན་བདེ་བསྐྲུན་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།