འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝང་ཅོན་ལིང་གིས་ཚན་ཞིབ་གསར་གཏོད་ལ"ཚོགས་པའི་ས་རྒྱུ"དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ཚན་ཞིབ་ནི་གཤགས་བཅོས་བྱེད་པ་དང་ཟློས་གར་འཁྲབ་པ་བཞིན་ངེས་པར་དུ་ཚོགས་པའི་སྟོབས་ཤུགས་ལ་བརྟེན་དགོས་པ་ལས་མི་རེ་གཉིས་ཀྱིས་ཡོང་ཐབས་བྲལ། དེར་བརྟེན་ཚན་ཞིབ་གསར་གཏོད་ཀྱི‘ཚོགས་པའི་ས་རྒྱུ’སྐྱེད་སྲིང་བྱ་རྒྱུར་སྣང་ཆེན་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྲན་ཤིས་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཅོན་ལིང་གིས་གསུངས།
         ཝང་ཅོན་ལིང་གིས་ཚན་ཞིབ་གསར་གཏོད་ལ་སྣེ་ཁྲིད་ཀྱི་མི་སྣ་དགོས་པ་མ་ཟད།་རྐང་འཛིན་པ་དང་ལག་བསྟར་པ་དགོས་ལ་ཐ་ན་གཞོགས་འདེགས་བྱེད་མཁན་ཡང་དགོས། མི་དེ་དག་གལ་ཆེ་ཆུང་ཡོད་ནའང་ཚང་མ་མེད་དུ་མེད་རུང་བའི་ཤ་སྟག་རེད། འོན་ཀྱང་མིག་སྔར་རང་རྒྱལ་གྱི་ཚན་ཞིབ་གདེང་འཇོག་ཁོངས་གཏོགས་སུ“སྣེ་ཁྲིད་པར”དོ་སྣང་སྔར་བས་མང་བ་བྱེད་པ་ལས་མི་སྣ་གཞན་དག་ལ་མཐོང་ཆེན་བྱ་རྒྱུ་འདང་གི་མེད་པ་དེས་དེ་མཚུངས་ཀྱི་དཔྱད་ཞིབ་མ་ལག་དང་འཚར་ལོངས་ཀྱི་ལམ་བུ་མི་འདང་བར་བློ་ཕམ་སེམས་པ་ཐོན་སླ་བ་དང་སྤྱི་ཡོངས་ཀྱི་གསར་གཏོད་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་གསུངས།
     
      

    ཕྱོགས་བསྡུས་གསར་འགྱུར།