འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་གྱི་བགྲོད་ལམ་ལས་སྒོ་དབྱེ་དང་། ཁ་གསལ། གདེང་ཚོད་བཅས་མངོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  ན་ནིང་གི“པུའུ་ཀྲང་གི་བགྲོད་ལམ”གྱི་རྨང་གཞིའི་ཐོག་འདི་ལོའི་ཚོགས་འདུ་གཉིས་ཐོག་སླར་ཡང“ཨུ་ཡོན་གྱི་བགྲོད་ལམ”དང“འཐུས་མིའི་བགྲོད་ལམ”བཏོད་པ་དེས་དུས་རབས་གསར་པའི་ཀྲུང་གོའི་སྒོ་དབྱེ་དང་། ཁ་གསལ། གདེང་ཚོད་བཅས་མངོན་ཡོད།
         འཐུས་མི་དང་ཨུ་ཡོན་ཚོས་སྨྱན་སྦྱོར་གྱི་དྲི་བར་གདེང་ཚོད་ཡོད་པ་དང་ཟོལ་མེད་ཀྱི་ལན་བསྐྱོན་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་གར་སྟེགས་འདིའི་ཐོག་གང་ལེགས་མངོན་ཡོད། སློབ་གསོ་དང་། སྨན་བཅོས། བཟའ་བཅའི་བདེ་འཇགས་སོགས་ཚང་མས་དོ་སྣང་ཆེན་པོ་བྱེད་པའི་གླེང་མང་ས་དང་། དོ་ཁུར་བྱེད་ས། དཀའ་གནད་བཅས་ལ་དམིགས་ནས་འཐུས་མི་དང་ཨུ་ཡོན་ཚོས་གཏམ་དྲང་པོ་ཤོད་པ་དང་། ཐབས་ནན་པོ་སྤྱོད་པ། ཇུས་བཟང་པོ་འདོན་པ་བཅས་བྱས་ཏེ། འཐུས་མི་དང་ཨུ་ཡོན་ཚོས་གནད་དོན་དེ་དག་ལ་བརྟག་ཞིབ་ནན་ཏན་གནང་བ་དང་། བསམ་གཞིགས་ཞིབ་ཕྲ་གནང་བ། དམིགས་བསལ་གྱི་ལྟ་ཚུལ་འཛིན་པ་བཅས་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད།
         བགྲོད་ལམ་ནི་སྐར་ཁུང་ཞིག་དང་མཚུངས་ཤིང་། ཀྲུང་གོའི་དམངས་གཙོའི་སྲོལ་གསར་མངོན་པ་དང་ཀྲུང་གོའི་གདེང་ཚོད་དང་དྲང་ནུས་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་ཆེད་སྟོབས་ཤུགས་གཅིག་ཏུ་འགྲིལ་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།