འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝང་ཅན་ཅུན་གྱིས་2020ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་
    འཛུགས་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཝང་ཅན་ཅུན་གྱིས་མཚོ་སྔོན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པའི་སྨྱན་སྦྱོར་སྒོ་དབྱེའི་ཉིན་མོའི་ཐོག མཚོ་སྔོན་གྱིས་ཆེད་དོན་འཆར་འགོད་དམ་འཛིན་ངང་བཟོས་ནས་2020ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         “གཙང་གསུམ་ཆུ་འགོའི་ཁྱད་ཆོས་མངོན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་བཙུགས་རྗེས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས་ལ་དཔེ་སྟོན་མཁོ་འདོན་ཐུབ་པ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ལ་ཀྲུང་གོའི་ལེགས་སྐྱེས་ཕུལ་ཐུབ”ཅེས་ཝང་ཅན་ཅུན་གྱིས་གསུངས་པ་དང་། ཁོང་གིས་མཚོ་སྔོན་གྱིས་འཆར་འགོད་ནང་གཏན་འཁེལ་བྱས་པའི་རྩ་དོན་དང་། སྤྱིའི་བཀོད་ཇུས། ནུས་པའི་ངེས་གནས། དོ་དམ་དམིགས་ཚད་བཅས་གཞིར་བཟུང་། ཆེད་དོན་འཆར་འགོད་བཟོ་བ་དང་འབྲེལ་ལག་བསྟར་དོན་འཁྱོལ་བྱས་ནས་2020ལོར་སླེབས་སྐབས་དངོས་སུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་དང་། 2025ལོར་སླེབས་སྐབས་དོ་དམ་འཁོར་རྒྱུག་གོ་རིམ་ལྡན་པ་དང་ནུས་ལྡན་མངོན་འགྱུར། 2035ལོར་སླེབས་སྐབས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་དང་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཐུབ་རྒྱུ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།