འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྗང་མདོག་འཕེལ་རྒྱས་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་པའི་ཚོགས་ར།
    ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོགས་པའི་ཚོགས་ར།
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལས། སྐྱེ་ཁམས་རིག་གནས་ནི་ཀྲུང་ཧྭ་མི་རིགས་མུ་མཐུད་ནས་འཕེལ་རྒྱས་འགྲོ་བའི་ལོ་ངོ་སྟོང་གི་འཆར་གཞི་ཡིན་ཞིང་། ཆུ་དྭངས་རི་གཙང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ངེས་པར་དུ་འཛིན་དགོས་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ནི་རྒྱལ་ཁབ་ཀྱི་རྩ་བའི་ཇུས་གཞི་ཡིན་པ་རྒྱུན་འཁྱོངས་དགོས་ཤིང་། ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་མཐོང་ཆེན་བྱེད་དགོས་ཤིང་། རི་ཆུ་དང་ནགས་ཞིང་། མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་མ་ལག་ནན་ཏན་ངང་ལག་བསྟར་བྱེད་དགོས་ལ། ལྗང་མདོག་འཕེལ་རྒྱས་ཐབས་ཤེས་དང་འཚོ་བའི་ཐབས་ལམ་གྲུབ་པ་བྱེད་ཅིང་། ཐོན་སྐྱེད་འཕེལ་རྒྱས་སྲ་བརྟན་གཏོང་བ། འཚོ་བ་ཕུན་སུམ་ཚོགས་པོ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་དགོས་ཤིང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་བསྐྲུན་དང་། མི་དམངས་ཀྱི་དོན་དུ་ཐོན་སྐྱེད་དང་འཚོབའི་ཁོར་ཡུག་བཟང་པོ་བསྐྲུན་པ། སའི་གོ་ལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཡོང་བར་བྱས་རྗེས་འཇོག་དགོས་པ་བསྟན་ཡོད་པ་རེད། 
    འཐུས་མི་དབྱང་ཁྲང་ཆིན་གྱིས་གྲངས་ཉུང་མི་རིགས་ས་ཁུལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་་སྐྱོར་བྱེད་དགོས་ན་ངེས་པར་དུ་མི་རིགས་ཀྱི་རིག་གནས་དང་ས་ཆ་དེ་གའི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་དགོས་པའི་ངོས་འཛིན་གནང་བ།

    གྲོགས་པོ་ཆུང་ཆུང་གིས་རང་ཉིད་ཀྱིས་བཟོས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་སྟོན་བཞིན་པ།
    གྲོགས་པོ་ཆུང་ཆུང་གིས་རང་ཉིད་ཀྱིས་བཟོས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་སྟོན་བཞིན་པ། 
      
    ཕྱོགས་བསྡུས་གསར་འགྱུར།