འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཐེ་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་མི་སྣ་ཡིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་
    འཕེལ་རྒྱས་གཏོང་བའི་གོ་སྐབས་གལ་ཆེན་བསུ་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐེ་ཀྲུང་ཚོང་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཐེའི་འབྲེལ་བར་རྒྱང་ལྟ་བྱེད་པའི་གླེང་སྟེགས་འཚོགས་པ་དང་ཚོགས་ཞུགས་མི་སྣ་ཚོས་མིག་སྔར་ཀྲུང་ཐེ་རྒྱལ་ཁབ་གཉིས་པོ་རང་ངོས་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སུ་སླེབས་པས་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་གོ་སྐབས་གལ་ཆེན་བསུ་བཞིན་ཡོད་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་རེད།
         ཐེ་ཀྲུང་ཚོང་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཆིའུ་ཝུའེ་ཀུང་གིས་ཐེ་ལན་གྱི་དཔལ་འབྱོར་ཚོང་དོན་ཁྲོད་ཀྲུང་གོས་གནས་བབ་གལ་ཆེན་བཟུང་ཡོད་པས་ཐེ་ལན་གྱི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད། ཐེ་ལན་གྱི་དཔལ་འབྱོར་སྤྱི་ཡོངས་ཁྲོད་ཀྲུང་གོའི་ཡུལ་སྐོར་བས་ཀྱང་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཐེ་ལན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཐེ་ལན་གྱི་འཐབ་ཇུས་4.0དང་། ཤར་རྒྱུད་ཀྱི་དཔལ་འབྱོར་བར་འཁྱམས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བཅས་ལ་སྐུལ་མ་གཏོང་རྒྱུར་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་མཉམ་འདྲེས་ཁུལ་དང་ཁྱོན་གཉིས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འགྲོ་ཕྱོགས་དེ་བས་གོམ་སྟབས་གཅིག་གྱུར་ཡོང་བ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་རྒྱལ་ནང་འཕེལ་རྒྱས་ལ་སྣེ་འཁྲིད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
         ཐེ་ལན་གྱི་ཙུང་ཐུང་ཟུར་པ་ཨ་ནན·པན་ཡ་ལ་ཁྲུན་དང་། ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཏེ·ཝུན་ན། ཀྲུང་གོར་བཅའ་སྡོད་ཐེ་ལན་གྱི་གཞུང་ཚབ་ཆེ་མོ་བ་ཟུར་པ་མུའུ་ཅི་ཀྲང་ཅིའུ་ཧོང་བཅས་ཀྱིས་ཚོགས་འདུའི་ཐོག་ཀྲུང་ཐེ་རྒྱལ་ཁབ་གཉིས་དབར་གྱི་ཕྱི་འབྲེལ་བཙུགས་པའི་ལོ་རྒྱུས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་རྗེས་ཤུལ་ལ་ཕྱིར་དྲན་བྱས་ཏེ་ཁོང་ཚོས་ཀྲུང་ཐེའི་འབྲེལ་བར་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་པའི་ངོས་འཛིན་བྱས་པ་རེད།
         ཚོགས་འདུའི་ཐོག་ཧྭ་ཝུའེ་ཐེ་ལན་ཀུང་སིས་ཐེ་ལན་དུ་རིག་ལྡན་གྲོང་ཁྱེར་བསྐྲུན་རྒྱུར་རོགས་སྐྱོར་ཐུབ་པའི་འཆར་གཞི་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།