འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།པན་ཏ་རི་ཡང་བསྐྱར་བལ་ཡུལ་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པན་ཏ་རི་ཡང་བསྐྱར་བལ་ཡུལ་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན། བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུ་ནས་སྤེལ་བའི་གྲོས་ཚོགས་ཀྱི་འདེམས་ཤོག་འཕེན་པའི་ནང་། བལ་ཡུལ་གྱི་སྲིད་འཛིན་པི་ཏའེ་ཡ་·ཏེ་ཝི་·པན་ཏ་རི་(Bidhya Devi Bhandari)ཡང་བསྐྱར་བལ་ཡུལ་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་རེད།
          པན་ཏ་རི་ནི་ད་ལྟ་ལོ་56ཡིན་ལ། བལ་ཡུལ་ཤར་རྒྱུད་ཀྱི་པའོ་ཙེ་པུར་གྲོང་ཁྱེར་ནས་ཡིན་པ་དང་། 2015ལོའི་ཟླ་10པར་བལ་ཡུལ་གྱི་སྲིད་འཛིན་ལ་བདམས་ཐོན་བྱུང་མྱོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།