འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཧྲེན་ནན་ཧྥུང་གིས་ལས་གཏོད་ཁེ་ལས་ལ“ལོ་བརྒྱའི་ཚོང་ཁང་རྙིང་པའི”སྙིང་
    སྟོབས་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 16:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧུང་ཧྲན་མ་རྩ་གོ་ལ་ཧྲིལ་པོའི་ལག་བསྟར་ཚོང་རོགས་པ་ཧྲེན་ནན་ཧྥུང་གིས་ལས་གཏོད་པར“དལ་བའི་མན་ངག”ཞིག་གསུངས་པ་རེད། ཁོང་གིས“ལས་གཏོད་པས་ལས་རིགས་འཕེལ་རྒྱས་མྱུར་པོ་འགྲོ་བའི་ཁྲོད་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ‘ལོ་བརྒྱའི་ཚོང་ཁང་རྙིང་པ’ལྟར་བྱེད་ཐུབ་པའི་བསམ་བློ་ཡོད་དགོས་པའི”ངོས་འཛིན་གནང་བ་རེད།
         ཞེ་ཁྲེང་དང་རུའུ་ཅ་གསར་གཏོད་བྱས་པ་ནས་ཧུང་ཧྲན་མ་རྩ་གོ་ལ་ཧྲིལ་པོའི་ལག་བསྟར་ཚོང་རོགས་པར་གྱུར་བའི་བར་ཧྲེན་ནན་ཧྥུང་གི་གནས་བབ་ལ་འགྱུར་ལྡོག་འགྲོ་ནའང་དོ་སྣང་བྱེད་ས་དེ་ཐོག་མཐའ་བར་གསུམ་དུ་ལས་གཏོད་གསར་གཏོད་བྱ་རྒྱུ་དེ་ཡིན། “ད་ལྟའི་ལས་གཏོད་བྱེད་མཁན་ཚོར་ང་ཚོས་ལས་གཏོད་བྱེད་སྐབས་ལས་གོ་སྐབས་མང་བ་ཡོད། འོན་ཀྱང་གོ་སྐབས་དང་གལ་ཆེ་མཉམ་མཚུངས་དང་ཐ་ན་དེ་བས་གལ་ཆེ་བ་ནི་རང་ཉིད་ལ་གཏོགས་པའི་ཁྱབ་ཁོངས་ཡང་དག་འཚོལ་རྒྱུ་མ་ཟད། འཚར་ལོངས་ཀྱི་ངེས་ཤུགས་ཀྱང་ལྡན་དགོས་པ་དེ་རེད”ཅེས་གསུངས།
         ཧྲེན་ནན་ཧྥུང་གིས་འཛམ་གླིང་ཐོག་གི་གྲགས་ཅན་ཁེ་ལས་དང་བསྡུར་ཚེ་ད་ལྟའི་ཀྲུང་གོའི་ཁེ་ལས་མང་ཆེ་བ་ད་དུང་ན་གཞོན་ལྟ་བུ་ཡིན་པས་དུས་རབས་ཀྱི་གོ་སྐབས་དང་གསར་གཏོད་ཀྱི་ཚ་རླབས་མང་པོ་ལྡན་ཡོད་མོད། འོན་ཀྱང་དུས་ཚོད་ཀྱི་ཉམས་སད་དང་། ལས་རིགས་ཀྱི་འགྱུར་ལྡོག འཁོར་ཡུན་གྱི་འགྱུར་ལྡོག་བཅས་མང་པོ་བརྒྱུད་མྱོང་མེད། ཁྲོམ་ར་རིམ་བཞིན་བརྟན་དུ་འགྲོ་བ་དང་སྦྲགས་དུས་རབས་གསར་པའི་ལས་གཏོད་ཁེ་ལས་ཀྱིས་རིན་ཐང་གི་སྣེ་ཁྲིད་ལ་ཡང་དག་ཕྱོགས་ནས་གསར་གཏོད་ཀྱི་རྨང་གཞི་འདིང་བ་དང་། སྙིང་སྟོབས་འཕེལ་བ་བྱེད་པ། སྐབས་འཚོལ་གྱི་བསམ་བློ་དོར་བ་བཅས་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།