འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆབ་མདོའི་རིམ་མཐོའི་གཞུང་ལམ་ཐོག་མ་དེ་སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཆབ་མདོའི་རིམ་མཐོའི་གཞུང་ལམ་ཐོག་མ་དེ་སྐྲུན་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་9ཉིན། རྒྱལ་ལམ་214ཡི་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་སྐྲུན་འགོ་ཚུགས་ཤིང་། འདི་ནི“བོད་ལྗོངས་ཀྱི་ཤར་སྒོ་ཆེ་མོ”ཞེས་བརྗོད་པའི་ཆབ་མདོ་གྲོང་ཁྱེར་དུ་སྐྲུན་ཐེངས་དང་པོའི་གཞུང་ལམ་ཞིག་ཡིན་པ་མ་ཟད། བོད་ལྗོངས་ཀྱིས་བསྐྲུན་པའི་རིམ་མཐོའི་གཞུང་ལམ་རྣམ་གྲངས་ཨང་བརྒྱད་པ་དེ་ཡང་ཡིན་པ་རེད།
          སྤང་མདའ་གནམ་ཐང་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་ཞིག་ཡིན་པ་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4334ཡོད། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལམ་དུམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་26.9ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཡིན་ཞིང་། ཟླ་བ་24ནང་བསྐྲུན་ཟིན་པ་བྱ་རྒྱུ་རེད།
    ༄༅།།བོད་ལྗོངས་ཆབ་མདོའི་རིམ་མཐོའི་གཞུང་ལམ་ཐོག་མ་དེ་སྐྲུན་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།