འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་གིས་དབང་ཆ་ཐོབ་པ་བཞིན་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་
    འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གོང་ཚེས་ཉིན་སྤྱི་བསྒྲགས་སྤེལ་ཏེ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཚེས་11ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་དབང་ཆ་ཐོབ་པ་བཞིན་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་དང་གོང་གསལ་སྤྱི་བསྒྲགས་ཀྱི་ནང་དོན་ཚང་མ་འགྲེམས་སྤེལ་བྱས་ཡོད།
          རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་ལ་ཁྱོན་དོན་ཚན་21ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་སྤྱིའི་བཀོད་ཇུས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ནང་དོན་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལེགས་སུ་བཏང་བ། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་འཕེལ་རྒྱས་བརྒྱུད་རིམ་གྱི་ནང་དོན་འཐུས་སྒོ་ཚང་དུ་བཏང་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཀྱི་འབྲེལ་བའི་ནང་དོན་འཐུས་སྒོ་ཚང་དུ་བཏང་བ། ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་ནང་དོན་འཐུས་སྒོ་ཚང་དུ་བཏང་བ། ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་ནང་དོན་འཐུས་སྒོ་ཚང་དུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གྱི་ནང་དོན་ཁ་སྣོན་བརྒྱབ་པ། རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ལས་འགན་འཁུར་བའི་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་བཟོ་བཅོས་བརྒྱབ་པ། ཆུས་བཙུགས་པའི་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་ཁ་སྣོན་བརྒྱབ་པ། འབྲེལ་ཡོད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ཁག་ཁ་སྣོན་བརྒྱབ་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་མངགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཏན་འབེབས་བཟོ་བཅོས་བརྒྱབ་པ་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།